www.dharmabook.ru tibetan OCR


453 
འདི་ནས་ཤི་འཕོ་ཞིང་། ལེགས་སྤྱད་ཉེས་སྤྱད་ལས་རྣམས་ཇི་ལྟ་བར། གང་དུ་སྐྱེ་བའི་གནས་ཀུན་རབ་
མཁྱེན་པས།
ཁྱོད་ནི་ཕྱི་མའི་མཐའ་ལ་མཁས་པ་ལགས། ཞེས་གསུང་ས།
ཕྱི་མཚམས་གཅོད་པ། ཕྱིའི་བར་ཆད་ནང་དུ་མི་གཏོང་ཞིང་། ནང་གི་དངོས་གྲུབ་ཕྱིར་མི་འཆོར་བའི་འཕྲིན་ལས་
བཅོལ་ཏེ་
ཐོ་བཞག་པ་ལ་ཕྱི་མཆམས་གཅོད་པ་ཟེར།
ཕྱི་མོ། (4) མ་མོའམ། མིས་མོའི་བརྡ་རྙིང་། (2)ཁུངས་དང་། རྩ་བ། མཚན་མར་འཛིན་པའི་གནས་ཀྱི་མིང་སྟེ།
སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ལྷ་གཉིས་ལ། གཞུང་ཕྱི་མོའི་དབུ་མ་པ་ལྟ་བུ། (8) མ་ད་པེ། མ་ཕྱི། (4)
དུས་འགྱངས་པ།
ཕྱི་མོ་ལགས། (1) གྲྭ་ས་གྲྭ་ཚང་གི་དབུ་མཛད། (2) བཟོ་པའི་དགེ་རྒན། ཕྱི་མོ་ཞེས་འདིར་གཙོ་བོའི་དོན་ཡིན།
ཕྱི་ས། བཤང་བ། སྐྱག་པ།
ཕྱི་། སྔོན་དུས་ས་མཚམས་སུ་ཕྱིའི་དགྲ་ལ་མེལ་ཚེ་དང་སོ་བྱེད་པའི་བློན་པོའམ་དཔོན་པོའི་མིང་། བོད་སྡེ་རང་
གི་ནང་དུ་
སོ་བྱེད་པའི་ནང་སོ་བྱ་བ་གཉིས་ཡོད་པའི་ཕྱི་མ་ནི་ད་དུང་ཡང་གོ་གནས་ཀྱི་མིང་དུ་ཡོད་ལ། དེ་
དག་ལ་སོ་
བློན་བྱ་བའི་ཐ་སྙད་ཀྱང་རྡོ་རིང་སོགས་ལ་གསལ་ལོ། ཞེས་མཁས་དབང་དགེ་འདུན་ཆོས་
འཕེལ་གསུང་།

ཕྱིའི་མཁའ་སྤྱོད། དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས།
ཕྱིའི་གོ་རྒྱ་གཅོད་པ།
བཤ་ད་ཆོས། ནང་གི་སྒྲུབ་པ་ཉམས་ལེན་གྱི་གནད་མི་སྟོན་པར་སྤྱིར་བཏང་གི་ཤེས་བྱའི་ཡོན་
ཏན་
ཙམ་རྒྱ་བསྐྱེད་པའམ་གཏན་ལ་འབེབ་པ་ལ་ཟེར། ཚིག་འདི་རྗེའི་ལམ་རིམ་ཆེན་མོའི་ནང་མང་དུ་སྣང་།
ཕྱིའི་མཎྜལ། ཕྱིའི་སྣོད་ཀྱི་འཇིག་རྟེན་སོགས་བློས་བླང་ས་ཏེ་འབུལ་བ།
ཕྱིར་། (4) ཆེད་དུ། དཔེར་ན། དེའི་ཕྱིར་དུ། ཞེས་པ་ལྟ་བུ། (2) སླར། སླར་ཡང་། དཔེར་ན། ཕྱིར་བཅོས། ཞེས་
པ་ལྟ་བུ།
(8) ཕྱི་ལ། དཔེར་ན། ཕྱིར་བསྒྲད། ཅེས་པ་ལྟ་བུ། (4) རྒྱུ་མཚན་གྱི་སྒྲ། སྒྲ་ཆོས་ཅན། མི་རྟག་སྟེ།
བྱས་པའི་ཕྱིར། ཞེས་པ་ལྟ་བུ། (5) ཚུར། དཔེར་ན། གཞན་ཕྱིར་སྙིང་ནི་བརྩ་བ་འོ། ཞེས་པ་ལྟ་བུ།
ཕྱིར་བཅོས། སྡོམ་པ་སླར་ཡང་གསོ་བ། སྒྲ་བཤད་ནི། ཕྱིར་ནི་སླར། བཅོས་ནི་གསོ་བའོ།
ཕྱིར་མི་ལྡོག་པའི་ཚོགས། ས་དང་པོ་ཐོབ་པ་ཡན་གྱི་དགེ་འདུན་དཀོན་མཆོག སྒྲ་བཤད་ནི། ས་དང་པོ་ནས་
ལས་ཉོན་གྱི་ད་བང་གི
ས་འཁོར་བར་ཕྱིར་ལྡོག་པ་མི་སྲིད་པ་དང་། རང་ཉིད་འབའ་ཞིག་གི་ཆེད་དུ་ཐར་པ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*