www.dharmabook.ru tibetan OCR


457
ཕྱོགས་སྔ་ཕྱི། སྔ་རྒོལ་ཕྱི་རྒོལ་དང་དོན་འདྲ། སྒྲ་བཤད་ནི། ཕྱོགས་ནི་འདིརརང་གི་གཞུང་ལུགས་ད་མ་འཆའ་བའི་
དོན་ཡིན་ལ།
དེ་ཉིད་སྔ་མ་ད་ང་ཕྱི་མ་ཞེས་པའི་དོན་ནོ།
ཕྱོགས་དང་ཕྱོགས་ཅིག་ཤོས། ཕྱོགས་སྔ་མ་ད་ང་ཕྱི་མའོ།
ཕྱོགས་དུས་ཀུན་ནས་ཞེས་སོགས། ཕྱོགས་དུས་ཀུན་ནས་ཞེས་པ་ནས། འགྲོ་བའི་དོན་ཕྱིར་ཞེས་པའི་བར་
དང་།
མཚུངས་མེད་ཅེས་པ་ནས་གནས་བརྟན་ཆེན་པོ་རྣམས་ཀྱིས་བཀྲ་ཤིས་ཤོག་ཅེས་པའི་བར། ཁ་ཆེ་
པཎ་ཆེན་ཤཱཀྱ་
ཤྲིུས་མཛད་པར་བཤད།
ཕྱོགས་མདོག ཕྱོགས་གང་དུ་ཡོད་པ་དེའི་མདོག་གམ་དེའི་མདོག་དང་ལྡན་པ།
ཕྱོགས་མཐུན་གྱི་མདོ། ཙ་བའི་མདོ་དང་བཤད་པའི་མདོ་གཉིས་པོའི་ཁོང་ས་སུ་མ་གཏོགས་པའི་འདུལ་བའི་མདོ་
རྣམས་ས་སོ།
དཔེར་ན་དབེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་། འཁར་བསིལ་གྱི་མདོ། ཚུལ་ཁྲིམས་ཡང་
ད་ག་པར་
བསྟན་པའི་མདོ་ལ་སོགས་པ་ལྟ་བུ་རྣམས་སོ།
ཕྱོགས་དང་ཟླ་བའི་རྣལ་འབྱོར། ཕྱོགས་ནི་བཅུའི་མིང་ལ། ཟླ་བ་ནི་གཅིག་གི་མིང་སྟེ། བཅུ་གཅིག་གི་རྣལ་འབྱོར་
རམ།
བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་གི་མིང་ངོ་།
ཕྱོགས་མཚམས་བརྒྱད། ཕྱོགས་བཞི་ནི། ཤར། ལྷོ། ནུབ། བྱང་བཞིའོ། མཆམས་བཞི་ནི། ཤར་ལྷོ་མ། ལྷོ་ནུབ་
བདེ
ན་བྲལ། ནུབ་བྱང་རླུང་། བྱང་ཤར་ད་བང་ལྡན་དང་བཞིའོ།
ཕྱོགས་འཛིན་པའི་ད་བུ་མ་ ཐལ་འགྱུར་བའི་ཕྱོགས་འཛིན་པ་སང་ས་རྒྱས་བསྐྱངས་རྗེས་འབྲང་ད་ང་བཅ་ས་པ་
དང་།
རང་རྒྱུད་པའི་ཕྱོགས་འཛིན་པ་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅ་ས་པའི་དབུ་མ་པ་ལ་ཟེར། སྒྲ་
བཤད་ནི།
དེ་དག་གིས་ཀླུ་སྒྲུབ་ཀྱི་ད་གོངས་པ་ཐལ་རང་གི་ཕྱོགས་སོ་སོར་བཀྲལ་ཏེ་འཛིན་པས་ན་དེ་སྐད་
ཅེས་བརྗོད།
ཕྱོགས་ལས་ནམ་
རྒྱལ་གྱི་སྤྱོད་པ། བཀའ་བརྒྱུད སྤྱོད་པ་ལྔའི་ཡ་གྱལ། བཟང་ངན་གྱི་རྟོག་པ་གང་ཤར་ཐམས་ཅད་
ད་བེ་སྦྱོར་དང་ཏིང་ངེ་འཛིན་གྱི་གྲོགས་སུ་སོང་ན། དེ་ལ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཞེས་བྱ། སྒྲ་བཤད་
ནི།
འཁོར་འདས་ཐམས་ཅད་ལ་ཕྱོགས་རིས་མེད་པས་ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་བྱའོ།
ཕྱོགས་ལྷུང་། རང་གི་ལུགས་ལ་ཆགས་པ་དང་གཞན་གྱི་ལུགས་ལ་ཞེ་སྡང་བའོ། ཞེས་རྗེའི་ལམ་རིམ་ཆེན་མོར་
གསུངས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*