www.dharmabook.ru tibetan OCR


4 58
ཕྲ་བ། (4) ཆ་ཤས་ཆུང་ངུ་། ཕྲན་ཆེགས། ཕྲ་མོ་དང་དོན་གཅིག (2) ལྕི་བ་དང་། སྤོང་དཀའ་བ། རྣམ་པར་
འཐག་པ་ཐམས་ཅད་བསྡུས་པའི་མདོ།
ལམ་རིམ་དུ་དྲངས་པ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་
བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ།
ཞེས་པ་ལྟ་བུ།
ཕྲ་བ་རྟོག་པའི་རྣལ་འབྱོར། བསྐྱེད་རིམ་ཕྲ་མོ་དང་དོན་གཅིག བརྟགས་པའི་རྣལ་འབྱོར་ཡང་ཟེར། དེ་ནི།
བསྐྱེད་རིམ་རགས་པ་ལ་ལོབས་པ་ན། ཐིག་ལེ་ཕྲ་མོའི་ནང་དུ་ད་ཀྱིལ་འཁོར་སྒོམ་པ་ལ་སོགས་པའི་རྟོག་
པའི་རྣལ་འབྱོར་ལ་ཟར།
རྟོག་པའམ་བརྟགས་པའི་རྣལ་འབྱོར་ནི། བསྐྱེད་རིམ་སྤྱིའི་མིང་ཡིན་ཀྱང་།
འདིར་སྤྱི་མིང་བྱེ་བྲག་ལ་བཏ་གས་པའོ། རྗེའི་གསུང་ལ་གཞི་བྱས་ཏེ་བཀོད།
ཕྲ་མ་བྱེད་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་གསུམ་པ་ནི། དགེ་སློང་ཕན་ཚུན་དབྱེ་བའི་བསམ་པས་ཕྲ་
མའི་ཚིག་
སྨྲས་པ་ཡུལ་དེས་དོན་གོ་བའོ།
ཕྲག་དོག ཉེ་ཉོན་ཉི་ཤུའི་ལྔ་པ་ནི། ཞེ་སྡང་གི་ཆར་གཏོགས་གང་ཞིག རྙེད་བཀུར་ལ་ཆགས་ནས་གཞན་གྱི་ཕུན་
ཚོགས་ལ་མི་བཟོད་པར་སེམས་ཁོང་ནས་འཁྲུགས་པའི་ར
བ་ཏུ་ཕྱེ་བའི་རིག་པའོ། བྱེད་ལས་ནི། ཡིད་མི་
བདེ་
འདྲེན་པའི་ལས་ཅན་ནོ།
ཕྲག་དོག་མ་ནིང་། མ་ནིང་ལྔའི་ཡ་གྱལ་ཏ། ཕོ་མོ་ཉལ་པོ་བྱེད་པ་མཐོང་བའི་ཆེ་ཕྲག་དོག་གིས་དབང་པོ་ལས་རུང་
དུ་འགྱུར་ལ།
དུས་གཞན་གྱི་ཆེ་མི་རུང་བའི་མ་ནིང་།
ཕྲད་རང་ད་བང་ཅན། བརྡ་སྤྲོད ནི་སྒྲ། དང་སྒྲ། དེ་སྒྲ། སྤྱི་སྒྲ། ཅི་ཇི་སུ་གང བདག་སྒྲ། པ་པོ་བ་བོ་མ་མོ
དགག་སྒྲ་རྣམས་སོ། མ་མི་མིན་མེད ཚིག་ཕྲད་ལ་གཟིགས
ཕྲད་རང་
དབང་ཅན་མ་ཡིན་པ། བརྡ་སྤྲོད་ སླར་བསྡུ། གོ་ངོ་དོ་ནོ་པོ་མོ་འོ། རོ་ལོ་སོ་རྟོ ལ་དོན། སུ་ར་རུ་དུ་ན་
ལ་ཏུ
ཨི་ལྡན་ཏེ་བྱེད་སྒྲ་དང་འབྲེལ་སྒྲ། གི་ཀྱི་གྱི་འི་ཡི། གིས་ཀྱིས་གྱི་འིས་ཡིས རྒྱན་སྡུད། [ཀྱིང་ཡང་འང
ལྷག་བཅས། ཏེ་དེ་སྟེ འབྱེད་སྡུད། [གམ་ངམ་དམ་ནམ་བམ་མམ་འམ། རམ་ལམ་སམ་ཏམ འབྱུང་ཁུངས།
[ནས་ལས བོད་སྒྲ་བཅས་སོ། [ཀྱེ་ཀྭ་ཡེ་ཝ་ཡེ ཚིག་ཕྲད་ལ་གཟིགས།
ཕྲན་ཆེགས། (4) ཉུང་ངུ་། ཟས་ཕྲན་ཚེགས་ཀྱི་ཆེད་དུ་ཆོས་བསྟན་ཏོ་ཞེས་པ་ལྟ་བུ། (2) ཕྲ་མོ། ལྟུང་བ་ཕྲན་
ཆེགས་
ཞེས་པ་ལྟ་བུའོ།
ཕྲི་ལི་ལི། ཐུར་དུ་འདྲིལ་ནས་འགྲོ་བའི་མིང་སྟེ། དཔེར་ན་སྨྱུག་སྲུབས་ཕྲ་མོའི་ནང་སྲན་རིལ་འདྲིལ་ནས་འགྲོ་བ་
ལྟར་རམ།
ཡང་ན། རྐུད་པ་ལ་ཆུ་ཐིག་འཁྲིལ་ཏེ་འགྲོ་བ་ལྟ་བུ་ལ་ཟེར།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*