www.dharmabook.ru tibetan OCR


460
འཕགས་པ་ལྷ། ཨར་དེ་བ་དང་འདྲ།
འཕགས་པའི་གང་ཟག མཐོང་ལམ་ཐོབ་པ་ཡན་གྱི་གང་ཟག སྒྲ་བཤད་ནི། སྡིག་པ་ལས་རིང་དུ་སོང་བའམ། སོ་
སྐྱེའི་ས་ལས་རིང་དུ་སོང་
བའི་གང་ཟག་ཡིན་པས་དེ་སྐད་ཅེས་བྱའོ།
འཕགས་པའི་བདེན་པ། གང་གི་གནས་ཚུལ་འཕགས་པ་ཁོ་ནས་ཇི་ལྟ་བ་བཞིན་དུ་རྟོགས་པར་ནུས་པའི་ཆོས།
དཔེར་ན་འཕགས་པའི་བདེན་པ་བཞི་ལྟ་བུ། སྒྲ་བཤད་ནི། ཉན་ས་ལས། འཕགས་པ་རྣམས་ཀྱིས་བདེན་པ་
དེ་དག་དེ་ཁོ་ན་ལྟར་ཡིན་པར་བདེན་པའི་སྒོམ་པ་ཡང་ད་ག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་གཟིགས་ཀྱི།

བྱིས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བས་ན་དེའི་ཕྱིར་འཕགས་པའི་བདེན་
པ་
ཞེས་བྱའོ།
འཕགས་པའི་བདེན་པ་བཞི། བདེན་པ་བཞི་དང་དོན་འདྲ།
འཕགས་པའི་ནོར་བདུན། ད་ད་པ། ཚུལ་ཁྲིམས། ཐོས་པ། གཏོང་བ། ཤེས་རབ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ་
དང་
བདུན་ནོ། སྒྲ་བཤད་ནི། ནོར་ཕལ་པ་ལས་ཁྱད་པར་དུ་འཕགས་པས་དེ་སྐད་ཅེས་བྱ་སྟ ནོར་ཕལ་པ་
ནི་སྡུག་བསྔལ་གྱི་རྒྱུ་ཡིན་ལ།
འདི་ནི་བདེ་བ་དང་ཡོན་ཏན་མཐའ་ཡས་པའི་རྒྱུ་ཡིན་པའི་ཕྱིར་རོ།
འཕགས་པའི་རིགས་བཞི། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་པ་འཕགས་པའི་རིགས། གནས་མལ་ང་ན་ངོན་
ཙ་མ་གྱིས་ཆོག་
པ་འཕགས་པའི་རིགས བསོད་སྙོམས་ངན་ངོན་ཙ་མ་གྱིས་ཆོག་པ་འཕགས་པའི་རིགས།
སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ད་ང་བཞིའོ། སྒྲ་བཤད་ནི། བཞི་པོ་དེ་དག་འཕགས་
པའི་
རྟོགས་པའི་རིགས་ཏེ་རྒྱུ་ཡིན་པས་ན་དེ་སྐད་ཅེས་བྱའོ།
འཕགས་པའི་ལམ་ཡན་ལག་བརྒྱད། འཕགས་ལམ་ཡན་ལག་བརྒྱད་དང་འདྲ།
འཕགས་ལམ། (4) འཕགས་རྒྱུད་ཀྱི་ལམ། (2) ཟག་མེད་ཀྱི་ལམ། སྒྲ་བཤད་ནི། སོ་སྐྱེའི་ས་ལས་རིང་དུ་སོང་
བས་
ན་འཕགས་པ།
འཕགས་ལམ་ཡན་ལག་བརྒྱད། བྱང་ཕྱོགས་སྡེ་ཚན་བདུན་གྱི་བདུན་པ་འཕགས་ལམ་ཡན་ལག་བརྒྱད་ནི།
ཡང་དག་པའི་ལྟ་བ། འདིས་མཉམ་གཞག་ཏུ་རྟོགས་པའི་ཆོས་ཉིད་རྗེས་ཐོཔ་ཏུ་ཡོངས་སུ་གཅོད་པར་བྱེད་ ཡང་
ད་ག་པའི་རྟོག་པ།
རྟོག་པ་ནི་འདིར་ཀུན་སློང་ལ་ཟེར་བས། གང་ཟག་རང་གིས་རྟོགས་པའི་ཆོས་ཉིད་དེ་གཞན་ལ་སྟོན་པར་
བྱེད་པའི་ངག་ཀུན་ནས་སློང་བ
ར་བྱེད ཡང་དག་པའི་ངག རང་གིས་ཇི་ལྐར་རྟོགས་པ་ལྐར་གཞན་ལ་སྟོན་པར་བྱེད་
པའི་ངག་
རྣམ་པར་དག་པ། ཡང་དག་པའི་ལས་ཀྱི་མཐའ། སྲོག་གཅོད་སོགས་སློང་བས་ལུས་ཀྱི་ལས་རྣམ་པར་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*