www.dharmabook.ru tibetan OCR


461
དག་པ ཡང་དག་པའི་འཚོ་བ། ལོག་འཚོ་སློང་བས་འཚོ་བ་རྣམ་དག ཡང་དག་པའི་རྩོལ་བ། སྒོམ་
སུ
ང་སློང་བའི་གཉེན་པོ་ལ་རྩོལ་བས་ཡང་དག་པའི་རྩོལ་བ ཡང་དག་པའི་དྲན་པ། [ཞི་གནས་དང་རབ་ཏུ་འཛིན་པ་
དང་བཏང་སྙོམས་ཀྱི་རྒྱུ་མཚན་མ་བརྗེད་པའི་
ཡང་དག་པའི་དྲན་པའོ། ཡ་ང་དག་པའི་ཏིང་ངེ་འཛིན་དང་བརྒྱད་
ད་དོ།
[མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་དོན་དུ་བསྒོམ་པས་ཡང་དག་པའི་ཏིང་ངེ་འཛིན་ནོ།
འཕན། (4) ཞེང་དོག་ཅིང་སྲིད་དུ་རིང་པའི་དར་ཆའི་རིགས་ཤིག། ཀ་འཕན་ལྟ་བུ། (2) གས་ཆགས། སྐྱོན།
འཕན་པ་དང་། འཕན་ཟེལ་དང་དོན་འདྲ་སྟ། སློབ་སྤྲིང་ས་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་
འཕན་མེད་པ།
ཞེས་དང་། མཛོད་ལས་ཀྱང་། འཆལ་ཁྲིམས་དེ་རྒྱུས་འཕན་མ་བྱུང་། ཞེས་པ་ལྟ་བུ།
འཕན་པ། འཕན་དང་དོན་འདྲ།
འཕན་ཟེལ། གས་ཆག། སེར་ཁ། སྐྱོན། ཉམས་པ། འཕན། འཕན་པ་རྣམས་དོན་འདྲ། དཔེར་ན། ས་སྐྱ་ལེགས་
བཤད་ལས།
འཕན་ཟེལ་རིན་ཆེན་ལ་བལྟ་ཡི། མགལ་དུམ་ལ་ནི་སུ་ཞིག་ད་པྱོད་། ཅེས་གསུངས་པ་ལྟར་
འཕུལ་མཚམས། རིགས་པས་འཕུལ་མཚམས་དང་དོན་འ རིགས་པས་འཕུལ་མཚམས་ལ་གཟིགས།
འཕེན་བྱེད་ཀྱི་རྒྱུ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་མ་རིག་པ་དང་འདུ་བྱེད་རྣམ་ཤེས་གསུམ་ལ་ཟེར་ ཞིང་།
དེའི་རྒྱུ་མཚན་ནི། སྲེད་ལེན་སོགས་ཀྱི་འགྲུབ་བྱེད་ཡོད་ན་འབྲས་བུ་དེ་དག་འགྲུབ་རུང་དུ་བྱེད་པའི་རྒྱུ་ལ་
འཕེན་བྱེད་ཀྱི་རྒྱུ་ཞེས་བྱའོ།
འཕེན་བྱེད་ཀྱི་ལས། རྣམ་སྨིན་གྱི་ཕུང་པོ་འགྲུབ་རུང་དུ་ཙ་མ་དུ་བྱད་པའི་ལས། འདིར་འཕེན་བྱེད་ཅེས་པ་ནི།
འབྲས་བུ་དེ་དག་འགྲུབ་རུང་དུ་བྱེད་པ་ཙམ་ལས་འགྲུབ་པའི་ངེས་པ་མེད་པ་ནི། དཔེར་ན་མདའ་འཕང་ས་
ན་ཕོག་རུང་ཙམ་ལས་ཕོག་པའི་ངེས་པ་མེད་པ་པཞིན་ནོ། འགྲུབ་བྱེད་ཀྱི་ལས་ནི་དེ་ལས་ལྡོག་སྟེ་འབྲས་བུ་
ངེས་པར་
རམ་གདོན་མི་ཟ་བར་འགྲུབ་བྱེད་ཅིག་ལ་ཟེར་ར་རོ། མདོར་ན་འཕེན་བྱེད་ད་ང་འགྲུབ་བྱེད་ཀྱི་ལས་
ཀྱི་ཁྱད་པར་ནི།
འབྲས་བུ་འགྲུབ་རུང་དང་ངེས་པར་འགྲུབ་པའི་ཁྱད་པར་རོ།
འཕེན་རྫོགས་ཀྱི་ལས། རྣམ་སྨིན་གྱི་ཕུང་པོ་འགྲུབ་རུང་ཙམ་དུ་བྱེད་པའི་ལས་ལ་འཕེན་བྱེད་ཀྱི་ལས་དང་། རྣམ་
་སྨིན་གྱི་ཕུང་པོ་གྲུབ་
ནས་དེ་ལ་ཡན་ལག་དང་ཉིང་ལག་བདི་སྡུག་དབུལ་ཕྱུག་སོགས་ཀྱི་ཁྱད་པར་རྣམས་
རྫོགས་པ་སྟེ་ཚང་བར་བྱེད་པའི་ལས་ལ་རྫོགས་བྱེད་ཀྱི་ལས་ཟེར། དཔེར་ན་འཕེན་བྱེད་ཀྱི་ལས་ནི་འདྲ་སྐུའི་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*