www.dharmabook.ru tibetan OCR


482
བྱ་རྒྱུད། དབང་པོ་རྣོ་རྟུལ་གྱི་རིམ་པས་ཕྱིའི་བྱ་བ་དང་ནང་གི རྣལ་འཔྱོར་གཉིས་ལས་ཕྱིའི་བྱ་བ་ཁྲུས་དང་ཉེ་རེག་
སོགས་
གཙ་ང་བྲ་གཙོ་བོར་བྱེད་ཅི་ང་། བབོམ་པའི་ལྷ་མོ་ད་ང་ཕན་ཚུན་བལྟ་བའི་ཆགས་པ་ལམ་བྱེད་ནུས་ལ་
དེ་
ཡན་ཆད་ལམ་བྱེད་མི་ནུས་པ་ལ་དེ་ཙ་མ་གྱི་ཆགས་པ་ལམ་བྱེད་སྟོན་པའི་རྒྱུད། སྒྲ་བཤད་ནི། བྱ་བ་ཤས་
ཆེ་བ
འི་རྒྱུད་ཡིན་པས་བྱ་རྒྱུད་ཅེས་བྱའོ།
བྱ་རྒྱུད་རིགས་དྲུག།་གམ་བོ་དྲུག། དེ་བཞིན་གཤེགས་པའི་རིགས། པདའི་རིགས། རྡོ་རྗེའི་རིགས་ཏེ་འཇིག་རྟེན་
ལས་འདས་པའི་རིགས་གསུམ་དང་།
ནོར་བུའི་རིགས། ལྔས་རྩེན་གྱི་རིགས། འཇིག་རྟེན་ཕལ་པའི་རིགས་
ཏེ་འཇིག་རྟེན་པའི་རིགས་གསུམ་སྟེ་བྱ་རྒྱུད་རིགས་དྲུག་ག་གོ།
བྱ་རྦོད་ཕུང་པོའི་རི། བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་མདོ་གསུངས་པའི་རྒྱ་གར་གྱི་གནས་ཆེན་ཞིག སྒྲ་བཤད་ནི།
ས་ལུ་ལྗང་པའི་མདོར་བྲག་བྱ་རྒོད་ཀྱི་མགོའི་དབྱིབས་ལྟ་བུར་ཡོད་བས་དེ་ལྟར་བཏགས་པར་གསུང་ས་ལ།
ལོ་རྒྱུས་ཁ་ཅིག་ཏུ་ཤེར་མདོ་གསུང་ས་པའི་ཚི་ཞིང་གཞན་ནས་བྱང་སེམས་དུ་མ་བྱ་རྒོད་ཀྱི་གཟུགས་སུ་སྤྲུལ་
ཏེ་ཆོས་ཉན་པར་འོང་ས་པས་ཡིན་པར་བ་ཤད་།
ཅེས་རྗེ་གུང་ཐང་པས་གསུང་ས། ཡང་། རིའི་རྩེ་མོ་བྱ་རྒོད་
དང་འདྲ་བ་ཡོད་པས་དེ་སྐད་ཅེས་བཏགས། དགེ་ལེགས་བཤེས་གཉེན་གསུང་། ཡང་ན། ཡུལ་ལྗོང་ས་དེ་རྒྱ་
ཆེ་བས་
བྱ་གོད་ཕུང་པོའི་རི་སྟེ་མཐོ་ལ་བྱ་མང་པོ་འདུ་བའི་ཕྱིར་མིང་དུ་བཏགས་པའོ། ཞེས་ཇུ་ན་མི་ཏྲའམ།
ཡེ་ཤེས་བཤེས་གཉེན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་བཤད་པ་ལས་གསུངས་པ་ལྟར་རོ།
བྱ་རྒྱུད་བུམ་རྗས་ཉེར་ལྔ། ཀཎྜ་ཀ་རི། དབང་ལག། རྒྱ་མཚོ་ལྦུ་བ། ཤུ་དག། སླེ་ཏྲེས་ཏེ་སྨན་ལྔ། གསེར་དངུལ་
གཡུ་བྱུ་རུ་
མུ་ཏིག་སྟེ་རིན་པོ་ཆེ་ལྔ། ནས་འབྲས་གྲོ་སྲན་མ་སོ་བ་སྟེ་འབྲུ་ལྔ། ཙ་ན་དན་དཀར་དམར་ག་བུར་
གུར་
བུམ་ཛུ་ཏི་སྟེ་དྲི་ལྔ། བྲང་རྩི། ཀ་ར། ཞོ། འོ་མ། མར་ཏེ་ཕྱི་ཡི་བདུད་རྩི་ལྔ་དང་། བྱ་རྒྱུད་བུམ་རྗས་
ཉེར་ལྔའོ།
བྱ་ཆེན་པོ། (4) བྱ་པིང་ཀྱུར་མའི་མིང་སྟེ། རྗེ་རིན་པོ་ཆེའི་འཇིགས་བྱེད་ཀྱི་ཕྱག་མཆན་སོགས་ཀྱི་བཤད་པའི་ཟིན་
གྲིས་ལས། བྱ་ཆེན་པོ་ནི། མགོ་བོ་དཀར་ལ་ལུས་པོ་ནག་པ། དེང་སང་གི་འོལ་བར་གྲགས་པ་འདིའོ།
ཞེས་གསུངས་སོ། འོལ་བའམ་བྱ་འོལ་བ་ནི། བྱ་ནེ་ལེའམ་པིང་ཀྱུར་མའི་མིང་ང་ངོ་། (2)དེང་སང་འགའ་
ཞིག་
གོ་བོར་འདོད་པ་ཡང་ཡོད་། བྱ་གོ་བོ་ནི། མགོ་སེར་མགོ་ནག་གཉིས་སུ་ཕྱེ་བའི་བྱ་ཆེན་ཞིག་ཅེས་ཟེར་
བའང་ཡོད།
བྱ་གཏོར། མི་རོ་བྱ་གོད་ལ་སྦྱིན་པ། སྤུ

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*