www.dharmabook.ru tibetan OCR


483
བྱ་འདབ། སྒེའུ་ཁུང་གི་གྲབ་ལྕེ་ཉིས་བརྩེགས་ལྟར་ལྕམ་བཏང་བ་བྱ་འདབ་སྟེ། བྱ་འཕུར་བའི་མཇུག་སྒྲོའི་དཔྱིབས་
སུ་ཡོད་པས་མིང་དེ་ལྟར་བཏགས།
བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར། འབྲེ་ཤེས་རབ་འབར་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས།
སོག་ཚུལ་ཁྲིམས་བླ་མ་ལས་འདུལ་བ་གསན། ཁོང་གཤེགས་རྟིང་རྒྱ་འདུལ་དང་རྨ་ཚོ་བླ་ཟུར་དུ་བྱས་པའི་
དྲུ
ང་དུ་སྦྱངས་པས་མཁས་པར་མཁྱེན་ཏེ། འདུལ་བ་བྱ་ལ་ཐུག་ཅེས་པའི་ཁ་སྐད་ཀྱང་བྱུང་། གཞན་ཡང་
ཞང་
གཡེང་ས་ལས་དབུ་ཆད། ཟང་ས་དཀར་ལོ་ཙཱ་བ་དང་སྟོད་ལུང་པ་ཆེན་པོ་ལས་བཀའ་གདམས་རྣམས་
གསན།
དེ་རྗེས་ཟུལ་ཕུར་བཤད་གྲྭ་བཙུགས། པེ་ཧར་གྱིས་བཅུ་ན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས་པས་
འདུལ་བ་དང་འགལ་བ། ན་བཟའི་སྤུ་ཕྱིར་བསྟན་གཅིག་བུ་ལས་མ་མཐོང་བས་དད་དེ་བྱ་ཊིཀ་བསླབ་གཉེར་
བྱེད་
པ་རྣམས་ཀྱི་གྲོགས་བྱེད་པར་ཁས་བླང་ས། ལོ་དགུར་འཚོགས་པ་བསྐྱང་ས་རྗེས་སྒྲུབ་པ་ལ་བཞུགས།
སློབ་མ་འགྲོ་དོན་ནུས་པ་བདུན་ཅུ་རྩ་དྲུག་ཙམ་བྱུང་བར་གསུང་ངོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་
ལྟར་བཀོད།
བྱ་བ་ཉུང་བ། (4) ལས་ཀ་ཉུང་ཉུང་། (2) འཇིག་རྟེན་གྱི་བྱ་བ་མང་པོ་མི་བྱེད་པའི་སྟབས་བད། (8) ཡོ་བྱད་མང་པོ་
མི་འཛིན་པ།
བྱ་བ་བྱས་པ། (4) ལས་ཀ་བྱས་ཟིན་པ། (2) ཉོན་མོང་ས་སྤང་ས་པ། སྒྲ་བཤད་ནི། ཉོན་མོང་ས་སྤང་ས་པ་ནི་བྱ་བ་
ཡིན་ལ།
དེ་བྱས་པས་ས་སོ།
བྱ་བ་བྱེད་པའི་རིགས་པ། མེས་སྲེག་པའི་བྱ་བ་བྱེད་པ་སོགས་ཆོས་རྣམས་ཀྱིས་རང་རང་གི་བྱ་བ་བྱེད་པའོ།
འདི་ཡང་། འདི་ནི་ཆོས་སོ་འདི་ནི་བྱེད་པ་པའོ་ཆོས་འདིས་ནི་བྱ་བ་འདི་བྱེད་དོ་ཞེས་ཚོལ་བའོ།
བྱ་མ་རྟ། (4) པོ་ཉ། བང་ཆེན། (2) བྱ་ར་བ། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལ་ལས། བྱ་མ་རྟ་ཞེས་བྱ་བ་ནི་ཉན་རྣ་
སྟེ་བྱ་ར་བ་ཞེས་བྱ་བའི་ཐ་ཚིག་ག་གོ།
ཞེས་གསུང་ས། སྒྲ་བཤད་ནི། བྱ་ལས་བུལ་ཞིང་རྟ་ལས་མགྱོགས་ཙམ་
དུ་འགྲོ་བས་
ན་དེ་སྐད་ཅེས་བྱའོ།
བྱ་རོག་གིས་ཁང་བཟང་མཚོན་པ། ལྷས་པྱིན་གྱི་ཁང་པ་མི་ཤེས་པའི་མི་ཞིག་ལ། ལྷས་བྱིན་གྱི་ཁང་པ་གང་ན་ཡོད་
སྟོན་པའི་ཆེ། བྱ་རོག་གང་དུ་བབས་ཡོད་པའི་ཁང་པ་དེ་ལྷས་བྱིན་གྱི་ཁང་པ་རེད་ཅེས་བརྗོད་ན། ཁང་པ་དེ་
སུའི་ཡིན་པ་མཚོན་པའམ་གོ་བར་བྱེད་ནུས་པའི་དོན་ནོ། བྱ་རོག་གིས་ཁང་བཟང་མཚོན་པ་འདི་ལ་ངོ་བོ་
ཐ་དད་པའི་མཚོན་བྱེད་ཀྱི་ཐ་སྙད་བྱེད་པར་རྗེའི་རིམ་ལྔ་གསལ་སྒྲོན་དུ་གསལ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*