www.dharmabook.ru tibetan OCR


486
བྱང་ཆུབ་སེམས་དཔའི་སྡེ་སྣོད། སྐྱེས་རབས། སྒྲ་བཤད་ནི། བདག་ཅ་ག་གི་སྟོན་པ་སྔོན་སློབ་པ་ལམ་གྱི་གནས་
སྐབས་སུ་
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཚུལ་སྟོན་པའི་སྡེ་སྣོད་ཡིན་པས་དེ་སྐད་ཅེས་བྱའོ།
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇག་པ། སྤྱོད་འཇུག་ཆེན་མོ་དང་དོན་འདྲ། སྤྱོད་འཇུག་ཆེན་མོ་ལ་གཟིགས།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའི་མཚན་གྱི་རྣམ་གྲངས་ཤིག། སྒྲ་བཤད་
ནི།
རང་དོན་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་པས་བྱང་ཆུབ་སེམས་དཔའ་དང་། གཞན་
དོན་མཐར་ཐུག་པ་
ལ་དམིགས་པས་སེམས་དཔའ་ཆེན་པོ་ཞེས་བྱའོ། རྗེ་ཙོང་ཁ་པ་ཆེན་པོའི་འགྲེལ་པ་བཞི་
སྦྲགས་
ན་གསུངས། ཡང་ན། རང་དོན་ཆོས་སྐུ་ཐོབ་པ་ལ་སེམས་པས་ན། སེམས་དཔའ། གཞན་དོན་
གཟུགས་སྐུ་ཐོབ་
པ་ལ་སེམས་པས་ན། སེམས་དཔའ་ཆེན་པོ། ཞེས་བདག་གི་བླ་མ་དམ་པ་དགེ་བའི་བཤེས་
གཉེན་པོ་ཆེན་པོ་
བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་ཀྱིས་ཡང་ཡང་གསུང་བ་ཡང་། རྗེའི་གསུང་ད་ང་མཐུན་
ན་ནོ།
ཡང་ན། རྫོགས་པའི་བྱང་ཆུབ་ལ་སེམས་པའམ་དམིགས་པས་ན། བྱང་ཆུབ་སེམས་དཔའ། དེ་ལྟ་
བུའི་བསམ་པ་
དེ་རྒྱ་ཆེ་བས་ན་སེམས་ད་པའ་ཆེན་པོའོ། འོ་ན་བྱང་ཆུབ་སེམས་པ་ཞེས་མི་ཟེར་བར་བྱང་
ཆུབ་སེམས་ད་པའ་
ཞེས་སྨོས་པའི་རྒྱུ་མཆན་གང་ཡིན་སྙམ་ན། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་སེམས་དཔའ་
ཞེས་
བསྐྱུར་བ་ནི་དོན་ཐོབ་ཀྱི་འགྱུར་ཡིན་པར་མངོན་ཞིང་། དོན་དུ་བྱང་ཆུབ་སེམས་པ་སེམས་པ་ཆེན་པོ་
ཞེས་བཏོན་པ་དང་འདྲ་སྙམ། འདི་བརྒྱད་སྟོང་པའི་རྒྱ་འགྲེལ་རྣམས་ལ་གཞི་བྱས་ཏེ་བཀོད།
བྱང་འདྲེན། ༿ དབུ་མཛད། ༿ རྒྱུད་གྲྭ་སྟོད་སྨད་ཀྱི་ད་བུ་མཛད་ལ་བྱང་འདྲེན་ཟེར། སྒྲ་བཤད་ནི། འདོན་པ་ལ་
ཤིན་ཏུ་
བྱང་ཞིང་དབུ་སྐུལ་བ་པོའམ་མགོ་འདྲེན་པ་པོ་ཡིན་པས་བྱང་འདྲེན་ཞེས་བྱའོ
བྱང་འདྲེན་པ།
བྱང་ཆེན་དང་འདྲ།
བྱང་ཕྱོགས་སོ་བདུན། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། ཛུ་འཕྲུལ་གྱི་རྐང་པ་བཞི། ད་བང་པོ་ལྔ།
སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་དེ་སོ་བདུན་ནོ། ཞེས་སློབ་དཔོན་
དཔྱིག་གཉེན་གྱི་མཛོད་རང་འགྲེལ་ལྟར་ར་རོ། བྱང་ནི་སྒྲིབ་པ་ཟད་པ། ཆུབ་ནི་རྟོགས་པ་སྟེ་ཕྱིན་ཆད་མི་སྐྱེ་བར་
ཤེས་པའོ།
དེ་ལྟ་བུའི་བྱང་ཆུབ་དེ་དང་ཕྱོགས་མཐུན་པ་སྟེ་འདྲ་བ་དེའི་རྒྱུ་ཡིན་པའི་ཕྱིར། བྱང་ཆུབ་ཕྱོགས་
མཐུན་ཞེས་བྱའོ།

བྱང་སེམས་ཀྱི་རྩ་ལྟུང་བཅོུ་བརྒྱད། བདག་བསྟོད་གཞན་སྨོད་ཀྱི་རྩ་ལྟུང་། ཆོས་ནོར་མི་སྟེར་བའི་རྩ་
ལྟུང་།
བཤགས་ཀྱང་མི་ཉན་པའི་རྩ་ལྟུང་། ཐེག་ཆེན་སྤོང་བའི་རྩ་ལྟུང་། དཀོན་མཆོག་གསུམ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*