www.dharmabook.ru tibetan OCR


498
དེ་ནས་སྐུའི་གནས་ཐམས་ཅ་ད་ལས་འོད་ཟེར་སྣ་ཚོགས་འཕྲོས། རང་པི་ལུས་ཀྱི་བོ་ཐམས་ཅུ་ད་ནས་ཞུགས་
བོ་གསུ
མ་གྱི་སྒྲིབ་པ་ཕྲ་བ་སྤྱང་ས། དོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དངོས་གྲུབ་ཐོབ་པར་བསམ་། དེ་ནས་
མདུན་གྱི་
བླ་མ་རང་གི་སྤྱི་བོར་རྡོ་རྗེ་བསྡུ་བའི་ཛ་ཧྭུ་བ་ཧོ། སྔགས་རྒྱས་སས་མ། དམིགས་པས་སྤྱན་དྲང་ས་ཏེ།
སྤྱི་བོ་ནས་ཐིམ་པས་རང་བི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་
བསམས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། རྗེ་ཙོང་ཁ་པ་ཆེན་པོའི་གསུང་ལ་གཞི་བྱས་ཏེ་བཀོད།
བླ་མའི་འཔོ་བ། འཔོ་བའི་གདམས་པ་དང་དོན་གཅིག། སྒྲ་བཤད་ནི། བླ་མ་ནི་གོང་མའི་དོན་ཡིན་པས་རྟེན་གོང་
མར་
འཔོ་བར་བྱེད་པའི་གདམས་པ་ཡིན་པས་དེ་སྐད་ཅེས་བྱའོ།
བླ་མར་བརྙས་སྨོད། སྔགས་ཀྱི་ཙ་ལྷུང་ཞིག་སྟེ། རྗེ་ཙོང་ཁ་ཆེན་པོའི་བླ་མ་ལྔ་བཅུ་པའི་རྣམ་བཤད་ལས། འདུས་
པའི་ལེའུ་
ལྔ་པ་ལས་ཀྱང་། སེམས་ཅན་མཆམས་མེད་ལ་སོགས་པ། སྡིག་པ་ཆེན་པོ་བྱེད་པ་ཡང་། རྡོ་རྗེ་
ཐེག་པ་རྒྱ་མཚོ་ཆེ།
ཐེག་པ་མཆོག་ནི་འདི་ལ་འགྲུབ། སྙིང་ནས་སློབ་དཔོན་སྨོད་པ་ད་ག བསྒྲུབས་ཀྱང་
འགྲུབ་པར་
ཡོང་མི་འགྱུར། ཞེས་གསུངས་ཤིང་། དེའི་འགྲེལ་པ་སྒྲོན་གསལ་ལས་ཕ་མ་དང་དགྲ་བཅོམ་
གསོད་པ། དེ་བཞིན་གཤེགས་པའི་སྐུ་འཇིག་པ། དམ་པའི་ཆོས་སྤོང་བ་སྟེ། ཤི་མ་ཐག་དམྱལ་བར་ལྟུང་
བའི་
མཆམས་མེད་ལྔ་དང་། ཉེ་བའི་མཆམས་མེད་ད་དང་། སྡིག་པ་ཆེན་པོ་རྩ་ལྟུང་བཞི་སྤྱད་པ་རྣམས་ཀྱང་།
བླ་མའི་གྲིན་གྱིས་རྫོགས་རིམ་ཐོབ་ནས་སང་ས་རྒྱས་འགྲུབ་པར་འགྱུར་ཡང་། སྙིང་ནས་སློབ་དཔོན་སྨོད་པ་
དེ་དང་ལྷན་ཅིག་ཏུ་ཟང་ཟིང་བིས་ལོངས་སྤྱོད་ཀྱིས་དགའ་བར་བྱེད་པས་ཀྱང་མི་འགྲུབ་ན། དེས་མི་འགྲུབ་
པ་སྨོས་ཅི་དགོས། ཞེས་ཆོས་སྤོང་དང་མཆམས་མེད་ལས་ཀྱང་སྡིག་ཆེ་བར་གསུངས་སོ། དེས་ན་ཉེས་
སྤྱོད་དེ་དག་ནི་དངོས་གྲུབ་ཐམས་ཅ་ད་འཕྲོག་ཅིང་ངན་འགྲོ་ཤིན་ཏུ་ཉམ་ང་བའི་སྡུག་བསྔལ་གྱི་རྩ་བར་རྒྱུད་
སྡེ་
ལས་ཡང་ཡང་ནན་ཆེ་བར་གསུངས་པས་གནས་འདི་ལ་ཤིན་ཏུ་གཟབ་པར་བྱའོ། ཞེས་དང་། ཡང་དེ་
ཉིད་ལས།
བླ་མ་ལ་བརྙས་པ་ལ་སོགས་པའི་ལྟུང་བ་རྣམས་ལ་ཇི་མི་སྙམ་པར་འཇུག་ཅིང་། བསྲུང་སྡོམ་
ཡལ་བར་
དོར་ནས་ལམ་བསྒོམ་པ་སྐད་བྱས་ཀྱང་། ངན་འགྲོའི་སྒོ་འབྱེད་པར་གསུང་ས་པས་ཁས་བླངས་
འི་དམ་ཚིག་དང་སྡོམ་པ་བསྲུང་བ་ཉིད་གཞིར་བཞག་ནས་ལམ་བསྒོམ་པ་དགོས་ཏ། རྡོ་རྗེ་སྙིང་པོ་རྒྱན་གྱི་
ལེའུ་བཅུ་བཞི་པ་ལས། གང་གིས་སློབ་དཔོན་ཡང་དག་སྨད། དེ་ཡིས་རྒྱུད་ཀུན་སྒྲུབ་པའི་མཆོག གཉིད་
དང་འདུ་འཛི་རྣམ་སྤངས་ཏེ།
བསྐལ་པ་སྟོང་དུ་ལེགས་བསྒྲུབས་ཀྱང་། དམལ་སོགས་སྒྲུབ་པར་བྱེད་པ་
འོ།
ཞེས་གསུངས་པ་ལྟར། བླ་མ་བསྟེན་ཚུལ་ཉེས་ན་འདི་ལས་སྡིག་ཆེ་བ་མེད་པས། སྔར་མི་ཤེས་པ་དང་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*