www.dharmabook.ru tibetan OCR


503
དབང་པི་ངོ་བོ་ནི། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ་སྐྱེས་ངེས་ཀྱི་སྣོད་རུང་དུ་སླིན་པར་
བྱེད་པའོ།
སྒྲ་བཤད་ནི། ཨ་བྷིཥ ཉའི་སྒྲ་ལས་མངོན་པར་གཏོར་བའམ་བླུགས་པས་ན་དབང་སྟེ། བྱང་བྱའི་
དྲི་མ་འཁྲུད་པའམ་གཏོར་ཞིང་ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་པི་ནུས་པ་ཁྱད་པར་ཅ་ན་འཇོག་པའི་
ཕྱིར་རོ། ཞེས་གསལ།
དབང་གི་ཆུ་བོ་མ་ནུབ་པ། བླ་མ་ལས་དབང་བཞི་ནོད་ཉིན་ནས་བརྩམས་ཏེ་ཉིན་རེ་བཞིན་ཏིང་ངེ་འཛིན་གྱི་དབང་
བཞི་བྱིན་རླབས་
རེ་མ་ཆག་པར་བགྱིས་ན་དབང་གི་བྱིན་རླབས་མི་ཡལ་བར་གནས་པའི་དོན། དཔེར་ན།
ཚིས་གཅིག་ཉིན་དབང་བཞི་ནོད་ན་ཆེས་གཉིས་ཀྱི་སྐྱ་རེངས་ཤར་བ་ནས་ཚེས་གསུམ་གྱི་སྐྱ་རེང་ས་ཤར་ཁ་
ཚུན་
ལ་དབང་བཞི་རེ་མ་བྱུང་ན་བྱིན་རླབས་ཡལ་བར་འགྱུར་བས། ཉིན་རེ་བཞིན་ཏིང་ངེ་འཛིན་གྱི་དབང་
བཞི་
རེ་བླང་བར་བྱས་ན་དབང་གི་ཆུ་པོ་མི་ནུབ་པར་འགྱུར་ལ། དེ་ཡང་དབང་བཞི་རྒྱས་པར་མི་དགོས་པར་
སྤྱི་
འགྲེ་བསྡུས་པ་དེ་གས་རུང་བར་གསུང་ངོ་།
ད་བང་དོན་དེ་ཉིད་རབ་གསལ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་ད་ཀྱིལ་འཁོར་གྱི་ཆོ་ག་དབང་གི་
དོན་གྱི་དེ་
ཉིད་རབ་ཏུ་གསལ་བ་ཞེས་བྱ་བ། རྗེ་ཙོང་ཁ་ཆེན་པོས་མཛད།
དབང་ལྡན། བྱང་ཤར། སྒྲ་བཤད་ནི། དབང་ཕྱུག་ཆེན་པོ་དཀར་པོ་གྲང་པོ་ལ་ཆིབས་ཤིང་རོ་གསུམ་ཐོགས་པ་དི་
གང་དུ་
བཞུགས་པའི་ཕྱོགས་ཡིན་པས་དབང་ལྡན་ཞེས་བྱའོ།
དབང་པོ། (4) གཙོ་པོ། དཔེར་ན། ཐུབ་པའི་དབང་པོ། ཞེས་པ་ལྟ་བུ། (2) རྒྱལ་པོ། དཔེར་ན། མིའི་དབང་པོ།
ཞེས་པ་ལྟ་བུ། (8) རྣམ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་རྟེན་གཟུགས་ཅུ་ན་ཤིན་ཏུ་དང་ས་བའམ་ཡིད་ཀྱི་
རྣམ་ཤས།
(1) པོ་མོའི་རྟགས། དཔེར་ན། པོའི་ད་བང་པོ། མོའི་དབང་པོ་ཞེས་པ་ལྟ་བུ། (8) རིག་
པའམ་
བློ་གྲོས། དཔེར་ན། དབང་པོ་རྣོན་པོ། ད་བང་པོ་རྟུལ་པོ་ཞེས་པ་ལྟ་བུ།
ད་བང་པོ་ལྔ། (1)མིག་བི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ། རྣ་བའི་དབང་པོ་གྲོ་ག་གཅུས་ནས་བཅུ་ད་པ་ལ་བུ།
སྣའི་དབང་པོ་མོ་ཁབ་ཀྱང་ཟེར་ཕྲ་ཁབ་ཉིས་གཤིབ་ལྟ་བུ། ལྕེའི་དབང་པོ་ནི། ཆེས་གསུམ་གྱི་ཟླ་བ་ལྟ་བུ་
གཡས་གཡོན་གཉིས་ནས་བསྐོར་ཙ་མ་ཡོད་པ་རྟ་རྔ་ཙ་མ་གྱིས་དེ་གཉིས་མ་ཕྲད་པ། དེ་གཉིས་ཕྲད་ན་ཟས་ཀྱི་
བྲོ་
བ་མ་ཚོར ལུས་ཀྱི་ད་བང་པོ་ནི། བྱ་རིན་རྣ་འཛམ་གྱི་ཤུན་པ་ལྟ་བུ། ༿ མིག་བི་དབང་པོ་ནི་མིག་བི་
ཟླུ
མ་སྐོར་ན་མིག་འབྲས་ཀྱི་ནང་ན་གནས་པ་མི་མཐོང་བ་བ་བོུན་འབྲུམ་གྱི་འབྲས་བུའི་ཆད་ཙ་མ་པ་ཟི་རོའི་མེ་
ཏོག་དང་འདྲ་བར་གནས་པ་ཤིན་ཏུ་དང་ས་པའི་པགས་པས་གཡོགས་པའོ། རྣ་བའི་དབང་པོ་ནི་གྲོ་ག་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*