www.dharmabook.ru tibetan OCR


515
མཚུང་ས་པར་བཤད། དཔེར་ན། ས་སྐྱ་ལེགས་བཤད་ལས། ཡོན་ཏན་ཀུན་རྫོགས་སྐྱེ་བོ་བསྟེན། ཡང་ན་
ཐ་མལ་
འགྲོགས་པ་བདེ། བུམ་པ་ཆུ་ཡིས་གང་བ་འམ། ཡང་ན་སྟོང་པ་ཁུར་བ་བདེ། ལྟ་བུ།
འབྲལ་བའི་སྤང་ལྟུང་། སྤང་ལྟུང་གཉིས་པ་ནི། རང་པི་གོས་བིུན་རླབས་ཅུ་ན་རྣམ་སྦྱར། བླ་གོས། མཐང་གོས་
གསུམ་གང་རུང་དང་།
གནས་ཐ་དད་དུ་སྐྱ་རེངས་ཤར་བ་ལས་བྱུང་བའི་ལྟུང་བའོ།
འབྲས།་(4) འབྲུའི་རིགས་ཤིག (8) རྨ་ཡི་རིགས་ཤིག་སྟེ། འབྲུམ་བུ་འབྲུ་ཆེན་པོ་དག་ཡོད་པའོ། དགོ་ལེགས་
ཤེས་གཉེན་གསུང་།
འབྲས་ཅ་ན། འབྲས་བུ་དང་ལྡན་པ་སྟེ། རྒྱུའི་མིང་ངོ་།
འབྲས་རྟགས། འབྲས་བུ་རྟགས་སུ་བཀོད་པའི་གཏན་ཚིགས་ཏེ། དཔེར་ན། དུ་ལྡན་གྱི་ལ་ལ་ཆོས་ཅ་ན། མེ་ཡོད་
དེ།
དུ་བ་ཡོད་པའི་ཕྱིར། དཔེར་ན་ཆང་མང་བཞིན། ཞེས་བཀོད་པའི་ཚི་དུ་བ་ལྟ་བུ། འབྲས་རྟགས་སྟོན་
པའི་མདོ་ནི།
ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་། ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར།
བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། རིགས་ནི་མཆན་མ་དག་ལ་ཤེས། ཞེས་པའི་མདོ་ལྟ་བུ།
འབྲས་རྟོགས་གཉིས་པ། སེམས་ཙ་མ་པའི་ལུགས་ཀྱི་ཆད་འབྲས་ཀྱི་རྣམ་གཞག་ལ་འབྲས་རྟོགས་གཉིས་པ་ཟེར་ཏེ།
དཔེར་ན། གཟུང་རྣམ་གཞལ་བྱ། འཇིན་རྣམ་ཆད་མ། རང་རིག་འབྲས་བུ། ཞེས་པ་ལྟ་བུའོ།
འབྲས་རྟོགས་དང་པོ། མདོ་སྡེ་པའི་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་གཞག་ལ་འབྲས་རྟོགས་ད་ང་པོ་ཟེར་ཏེ། ད་པེར་
ན།
སྔོན་པ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་བའི་སྒོ་ནས་དེ་ལ་གསར་དུ་མི་སླུ་བའི་རིག་པ་ཆད་མ། སྔོན་
པོ་རྟོགས་པ་འབྲས་བུ།
ཞེས་པ་ལྟ་བུའོ།
འབྲས་རྟོགས་གསུམ་པ། འབྲས་རྟོགས་དང་གཉིས་གཉིས་ཀྱི་ཤུགས་ལ་ཐོན་པའི་ཚད་འབྲས་ཀྱི་རྣམ་གཞག་ཅིག་
ལ་ཟེར་ཏེ། དཔེར་ན། མདོ་སྡེ་པས་ཕྱི་དོན་དུ་འདོད་པའི་གཟུགས་གཞལ་བྱ། དེ་ལ་རང་ཡུལ་གྱི་རྣམ་པ་
ཤར་བའི་སྒོ་ནས་གསར་དུ་མི་སླུ་བའི་རིག་པ་ཆད་མ། རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་དངོས་སུ་
རྟོགས་པའི་ཚད་མ་འབྲས་བུ།
ཞེས་པ་ལྟ་བུའོ། འདི་ལ་སྲས་ཀྱི་ཐུ་བོ་གཉིས་ལ་གསུང་ཚུལ་ཅུང་ཟད་མི་
མཐུན་པ་ཡོད་
ཀྱང་འདིར་ནི་རྒྱལ་ཆབ་ཆོས་རྗེའི་དགོང་ས་པ་ལྟར་བཀོད།
འབྲས་བུ་ཅན། འབྲས་ཅན་དང་དོན་འདྲ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*