www.dharmabook.ru tibetan OCR


འབྲས་བུ་ཆེ་བ། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་བཅུ་གཉིས་པ་ནི། མཆིམས་མཛོད་ལས། གཟུགས་
ཁམས་པའི་སོ་སོ
འི་སྐྱེ་བོ་རྣམས་ཀྱི་ད་གེ་བའི་འབྲས་བུ་ཤིན་ཏུ་ཆེ་ཤོས་ཡིན་པའི་ཕྱིར་འབྲས་བུ་ཆེ་བ། ཞེས་
གསུང་ས་པ་ལྟར་རོ།

འདྲས་བུ་རྡོ་རྗེ་འཇིན་པ། (4) མངོན་བྱང་ལྔ་པ་འབྲས་བུ་རྡོ་རྗེ་འཛིན་པར་འཇོག། (2) རྣལ་འབྱོར་མའི་སྐབས་
སུ་ཡང་།
ཟླ་བའི་བཾ་ཡིག་སྔགས་འཕྲེང་དང་བཅས་པ་ཡོངས་སུ་གྱུར་ནས་རྟེན་བརྟེན་པ་རྫོགས་པ་ཆོས་
དབྱིང་ས་ཡེ་ཤེས་ལ
ས་བྱང་ཆུབ་པ་འབྲས་བུ་རྡོ་རྗེ་འཛིན་མར་འཇོག་དགོས་ས་སོ། ཞེས་གསུངས་པ་ལྟར་
རོ།
[ཞིབ་པར་རྒྱུ་འབྲས་རྡོ་རྗེ་འཛིན་པར་གཟིགས
འབྲས་བུའི་རྦུད། ༿ ཟུང་འཇུག་གི་གོ་འཕང་། ༿ བཀའ་བརྒྱུད དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུ། སྒྲ་བཤད་
ནི།
འདོད་བྱའི་འབྲས་བུ་མཐར་ཐུག་ཨིན་པས་འབྲས་བུ་ད་ང་། དེ་ཉིད་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་
རྒྱུན་མི་འཆད་པར་འཇུག་པས་རྒྱུད་ཅེས་བྱའོ། ཤེས་བྱ་མཛོད་འགྲེལ་ལ་གཞི་བྱས།
འབྲས་བུའི་བཅའ་བ། འདུལ་བ་ནས་གསུང་ས་པའི་བཅའ་བ་ལྔའི་ནང་གསེས། རྒུན་འབྲུམ་དང་ཁམ་སྟར་ལྟ་བུ།
སློབ་ད་པོན་ཤཱཀྱ་འོད་ཀྱིས། ཆུ་ཤིང་གི་འབྲས་བུ་ལ་སོགས་པའོ་ཞེས་གསུངས།
འབྲས་བུའི་གཉེན། བུ་ཕྲུག་གི་མིང་སྟེ། སྒྲ་བཤད་ནི། འབྲས་བུ་ཡང་ཡིན་ལ་གཉེན་ཡང་ཨིན་པས་འབྲས་བུའི་
གཉེན་ཞེས་བཏགས་སོ། ཕ་མ་ལ་རྒྱུ་དང་བུ་ཕྲུག་ལ་འབྲས་བུའི་ཐ་སྙད་བྱེད་པོ།
འབྲས་བུའི་ཐེག་པ། སྔགས་ཀྱི་ཐེག་པ། འབྲས་བུ་སང་ས་རྒྱས་ཀྱི་གནས་ལུས་ལོང་ས་སྤྱོད་མཛད་པ་རྣམས་དང་
རྣམ་པ་
མཐུན་པའི་ལམ་ད་ལྟ་ཉིད་ནས་སྒོམ་པས་ན་འབྲས་བུའི་ཐེག་པ་ཞེས་བྱའོ། དེ་ཡ་ང་གནས་ནི་
གཞལ་ཡས་ཁང་། ལུས་ནི་ལྷའི་འཁོར་ལོ་སྟེ་སྐུ། ལོངས་སྤྱོད་ནི་མཆོད་པའི་ཡོ་བྱད། མཛད་པ་ནི་སྣོད་
བཅུད་སྦྱོང་བ་
སོགས་ཀྱི་མཛད་པ་ཅ་ན་དུ་སྒོམ་པས་ན་འབྲས་བུའི་ཐེག་པ་ཞེས་བྱའོ། རྗེའི་སྔགས་རིམ་
ཆེན་མོ་
ལ་གཞི་བྱས་ཏེ་བཀོད།
འབྲས་བུའི་ལྷན་སྐྱེས། བཀའ་བརྒྱད གཞིའི་ལྷན་སྐྱེས་དེ་ཉིད་དག་པ་གཉིས་ལྡན་གྱི་ལྷན་སྐྱེས་སུ་གྱུར་པ་ལ་ཟེར།
ཕྱག་ཆེན་ཟླ་བའི་འོད་ཟེར་ལ་གཞི་བྱས་ཏེ་བཀོད།
འབྲས་གཟུགས་བཅུ་གཅིག མིག་སོགས་དབང་པོ་ལྔ། གཟུགས་སོགས་ཡུལ་ལྔ། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཏེ་
བཅུ་གཅིག་
ལ་ཟེར། སྒྲ་བཤད་ནི། འབྱུང་བ་ཆེན་པོ་བཞིའི་འབྲས་བུར་གྱུར་པའི་གཟུགས་ཡིན་པས་དེ་སྐད་
བྱ།
འདི་ད་ག་ལ་འབྱུང་འགྱུར་གྱི་གཟུགས་ཀྱང་ཟེར།
(3)

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*