www.dharmabook.ru tibetan OCR


530
བའི་སླེ་བ་རྣམས་སྐྱེད་པའི་ལས་ཅན་ནོ། (2) ང་སློབ་ད་པོན་ཐོགས་མེད་སྐུ་མཆེད་ནི།ཡང་དག་པའི་དོན་ལ་
ཕྱིན་ཅི་ལོག་ཏུ་འཛིན་པ་ད་ང་།
ཡང་དག་པའི་དོན་ལ་རྨོངས་པ་ཙ་མ་གཉིས་ལས། ཕྱི་མ་ཡང་ད་ག་པའི་དོན་
ལ་རྨོངས་པ་ཙ་མ་ལ་མ་རིག་པར་བཞད། མདོར་ན་ལོག་པར་རྟོག་པ་དང་། མ་རྟོགས་པའི་བློ་གཉིས་ལས།
མ་རྟོགས་པའི་བློ་ལ་བཞེད་དོ། རྗེའི་ལམ་རིམ་ཆེན་མོར་གསལ།
མ་རུ། [ལེགས་སྦྱར ཛ་ལནྟྲ་ར་དང་ཉེ་བའི་བྱང་ཕྱོགས་ན་སྒྲུབ་གནས་བྲག་ཕུག་ཅིག་ན་རྡོའི་མཚན་མ་རྐང་པའི་མཐེ་
བོང་ལྟ
་བུ་ཡོད་པ་ལ་བཞེད།
མ་རུང་ས་པ། (4) མི་བསྲུན་པ། (2) ཤིན་ཏུ་མྱུར་བར་ཁྲོ་བ་སྐྱེ་བའི་སྐྱེ་བོ།
མ་ལ་བ། ལེགས་སྦྱར ཕྲེང་བ་ཅན་ཏེ་རྒྱ་གར་ནུབ་ཕྱོགས་རྒྱ་མཚོའི་གླིང་ཕྲན་ཞིག་ན་སྒྲུབ་གནས་རི་གཡས་གཡོན་
མཐོ་བ་ཕྲག་པ་ལྟ་བུས་མཚན་པ་ཡོད་པ་ལ་བཞེད།
མ་ལི་ཡ་། ཏ་མིལ་གྱི་སྐད (1) རྒྱ་གར་ལྷོ་ཕྱོགས་པ་ཏ་མིལ་གྱི་སྐད་ལ་རིའི་མིང་ཙམ་ཡིན། ༿ སྙན་ངག་ལ་གྲགས་
ཆེ་བའི་
མ་ལ་ཡ་ཞེས་པ་རྒྱ་གར་ལྷོ་ཕྱོགས་ལ་ཡོད་པའི་སྨན་རི་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་བྱེད།
སིངྒཱ་ལའི་ཡུལ་གྱི་ཀལུ་གངྒཱ་འབབ་པའི་ཕྱོགས་ནུབ་ཆ་རྣམས་ལ་མ་ལ་ཡརིའི་ཡུལ0ཞེས་གྲགས། དེའི་ཕྱིར་
དཔའ་
བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་མ་ལ་ཡ་སིབ་ལ་ན་ཡོད་པར་གསུངས་པ་ཡང་འདི་ལ་ཟེར། ཞེས་
མཁས་
དབང་དགེ་འདུན་ཆོས་འཕེལ་གསུང་།
མ་ལག། རྩ་བ་དང་ཡན་ལག། རྩ་ལག་དང་དོན་གཅིག
མ་ལི་ཀ
ལེགས་སྦྱར མལླི་ཀ་དང་འདྲ།
མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་ཞེས་སོགས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་ཞེས་
སོགས་ཀྱི་
ཚིགས་བཅད་འདི་མ་ག་ཅྭཱ་བཟང་མོའི་རྟོགས་བརྗོད་ལས་གསུང་ས་པར་བཤད།
མ་ཤ། ལེགས་སྦྱར མ་ཤ་ཀ་དང་འདྲ།
མ་ཤ་ཀ། ལེགས་སྦྱར (4) འགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་། (2) སྲན་མ་ཞིག (8) གསེར་གྱི་ལྗིལྗིད་ཆད་ཅིག
མ་ཤ་ཀ་ལྔུ། ཀཱརྵ་པ་ཎ་འི་བཞི་ཆ་གཅིག་སྟ འགྲོན་བུ་བཞི་བརྒྱའི་རིན་ཐང་ང་ངོ་།
མ་གསོལ་བར་མི་བྱ། འདུལ་བ་ལུང་ལས། མ་གསོལ་བར་མི་བྱའོ་ཞེས་པའི་དོན་ནི། གཞན་གྱིས་རང་ལ་ཆོས་
བཤད་རོགས་ཞེས་གསོལ་བ་མ་བཏབ་པར་ཨུ་ཚུགས་ཀྱིས་གཞན་ལ་སུན་པོ་བཟོ་བ་ལྟ་བུས་ཆོས་བཤད་
པར་མི་བྱ་ཞེས་
པའི་དོན་ཡིན། འདི་ནི་ནང་པའི་ཁྱད་ཆོས་ཤིག་ཡིན། གསོལ་བ་མ་བཏ་བ་ན་ལྟ་ཅི་སྨོས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*