www.dharmabook.ru tibetan OCR


535
ལོ་(500 1500)ནང་འདིའི་སྦས་གཏེར་ཆེན་པོ་ཞིག་ ག་ཞ གྲོང་ཁྱེར་ 1ཤཡཿ ཞེས་པར་རྙེད་སོན་
བྱུང་།
དུས་རབས་བཅུ་དྲུག་པའི་ནང་0[8་ཞ ཞེས་པའི་རྒྱལ་ཁབ་དེ་བཞིན་ཐོན་སྐྱེད་འབྱུང་ཁུངས་སྙན་
གྲགས་ཆེ་
ཤོས་སུ་གྱུར།
མརྒད། [ལེགས་སྦྱར མརྒཏ་དང་འདྲ།
མར་གད། མརྒད་དང་འདྲ་། དཔེར་ན། སྒྲོལ་བསྟོད་འཕགས་སྒྲོལ་མ་ལམ་ལས། དབྱིངས་རིག་རྣམ་དག་པདའི་གདན་
སྟེང་ན། མར་གད་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། ལང་ཚོ་རབ་རྒྱས་གཡས་བརྐྱངས་གཡོན་
བསྐུམ་ཞབས།
ཐབས་ཤེས་ཟུང་འབྲེལ་མ་ལ་ཕྱག་འཆལ་ལོ། ཞེས་གསུངས་པ་ལྟར་རོ།
མར་གྱི་ཉིང་ཁུ། (4) མར་ཁུའི་ཡང་ཞུན། (2) བྱང་ཆུབ་ཀྱི་སེམས་ལའང་འཇུག་པ་ནི། སྤྱོད་འཇུག་ལས། དམ་
ཆོས་འོ་མ་བསྲུབས་པ་ལས།
མར་གྱི་ཉིང་ཁུ་ཕྱུང་བ་ཡིན། ཞེས་གསུངས་པ་ལྟར་རོ འདི་ལ་ད་མ་པའི་
ཆོས་ཀྱི་
སྙིང་པོ་ཕྱུང་བ་ཡང་ཟེར་རོ།
མར་པ་ལོ་ཙ་བ་ཆོས་ཀྱི་བློ་གྲོ གང་ས་རིའི་ཁྲོད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ལྷོ་བྲག་མར་པ་ཆོས་ཀྱི་བློ་
གྲོས་
ནི་རྒྱ་གར་དུ་ལན་གསུམ། བལ་པོར་ལན་བཞི་བྱོན། པཎ་ཆེན་ནཱ་རོ་པ་ད་ང་། མངའ་བདག་མཻ་ཏྲི་པ།
དཔལ་ཡེ་ཤེས་སྙིང་པོ། གྲུབ་ཆེན་ཞི་བ་བཟང་པོ་ལ་སོགས་པ་མཁས་གྲུབ་ཀྱི་བླ་མ་བརྒྱ་རྩ་བརྒྱད་བསྟེན། རྒྱ་
གར་དུ་ཕེབས་
ཐེང་ས་དང་པོར་ལོ་བཅུ་གཉིས། གཉིས་པར་ལོ་དྲུག་དང་། གསུམ་པར་ལོ་གསུམ་སྟེ་ལོ་ཉི་ཤུ་
རྩ་གཅིག་གི་རིང་
རྒྱ་གར་དུ་སློབ་གཉེར་མཛད། རྒྱ་གར་དུ་ལན་ཕྱི་མ་བྱོན་དུས་ཇོ་བོ་རྗེ་དང་མཇལ་ནས་
གད་མས་པ་
མང་དུ་གསན། ད་པལ་གསང་བ་འདུས་པ་ལ་སོགས་པའི་རྣལ་འབྱོར་ཕ་མའི་རྒྱུད་ཕལ་མོ་ཆེའི་
རྒྱུད་ཀྱི་བཤད་པ་
གདམས་ངག་ལག་ལེན་དང་བཅ་ས་པ་ཞིབ་ཏུ་སྦྱང་ས། བླ་མ་མར་པ་ལ་གསང་འདུས་ཀྱི་
བཤད་
སྲོལ་བདུན་ཡོད་པར་གྲགས་ཤིང་། ནཱ་རོ་པ་ལ་ཁ་ཆེ་ཨ་ཀ་ར་སིདྡྷི་དང་མཉམ་དུ་སྒྲོན་གསལ་
བསླ
བས་སྣང་ནའང་བོད་དུ་སྒྲོན་གསལ་གྱི་བཤད་པ་མ་ཚུགས་ལ། རིམ་ལྔའི་གདམས་ང་ག་གི་དར་རྒྱས་ཆེ་
བར་བྱུང་ང་ངོ་།
བོད་དུ་བྱོན་ཏེ་བཀའ་བབས་ཀྱི་སློབ་མ་བཞི་ལ་སོགས་པའི་བརྒྱུད་འཛིན་མང་དུ་བྱུང་ཞིང་།
གསང་སྔགས་ཀྱི་འཕྲིན་ལས་ཁྱབ་གདལ་ཤིན་ཏུ་ཆེ་བས་ད་ལྟའི་བར་དུའང་གདམས་ངག་གི་བརྒྱུད་པ་མང་
དུ་འཕེལ།
ལྟ་སྒོམ་སྤྱོད་པ་ད་ང་རྒྱུད་ཀྱི་བཤད་པ་གང་གི་སྐབས་སུ་ཡང་ནཱ་རོ་མཻ་ཏྲི་གཉིས་ལ་གཙོ་བོར་
མཛད་ཅི་ང་།
གྲུབ་ཆེན་མཻ་ཏྲི་པ་ནི་དབུ་མ་པ་ཡིན་པར་མ་ཟད་དཔལ་ལྡན་ཟླ་བའི་ལུགས་ཁོ་ན་གཙོ་བོར་
མཛད་པ་ཞིག་
ཡིན་པས། ལྟ་བ་ཡང་དབུ་མ་པ་ཆེན་པོ་ཐལ་འགྱུར་བའི་ལྟ་བ་ཡིན་པར། ལྕང་སྐྱ་རོལ་པའི་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*