www.dharmabook.ru tibetan OCR


5 39
མི་མཇེད་འཇིག་རྟེན་གྱི་ཁམས། «སཱ་ཧ བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱའི་རྒྱལ་པོས་མཛད་པ་བཅུ་
གཉིས་ཀྱི་
ཚུལ་གང་དུ་བསྟན་པའི་འཛམ་བུའི་གླིང་འདི་དང་། གླིང་གཞན་གསུམ། འདོད་ལྷ་རིགས་
དྲུག
བསམ་གཏན་དང་པོའི་བར་གྱི་འཇིག་རྟེན་གྱི་ཁམས་ལ་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་
བྱའོ།
སྤྲོས་ན་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ལ་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་
བཤད་དོ།
སྒྲ་བཤད་ནི། བཟོད་པ། མི་འཕྲོག་པ། ལྡན་པ་དང་། ནུས་པ་རྣམས་ལ་འཇུག་པས། ཞིང་
འདིར་སྐྱེས་
པའི་སེམས་ཅ་ན་རྣམས་ཉོན་མོང་ས་པ་དང་སྡུག་བསྔལ་ལ་མི་མཇེད་པའམ་དེ་དག་དང་ཤིན་ཏུ་
ལྡན་པའམ།
ཞིང་འདིའི་བྱང་ཆུབ་སེམས་ད་པའ་རྣམས་ཀྱང་སྙིང་སྟོབས་ལྷག་པར་བཟོད་ཅིང་དཔའ་བས་
ཕུལ་དུ་བྱུང་བས་དེ་ལྟར་གྲགས་སོ། འདིའི་སྐོར་རྒྱས་པར་མངོན་པ་མཛོད་ལས་ཤེས་པར་བྱའོ།
མི་ཉུང་བ། ཉུང་ཉུང་མིན་པ། མང་པོ།
མི་རྟོག་སྐྱོང་བའི་གདམས་པ། ཞི་གནས་བསྒྲུབ་པའི་གད་མས་པ། རྗེའི་ལམ་རིམ་ཆེན་མོར། མི་རྟོག་སྐྱོང་བའི་
གདམས་པ་མེད་སྙམ་ནས།
ཡོད་པའི་གཞུང་དུ་མ་བཙ་ལ་མེད་པའི་སར། འབད་པ་དུ་མས་ཚོལ་ཞིང་
རྙེད་པར་སེམས།
ཞེས་དང་། ཅི་ཡང་མི་རྟོག་འཇོག་པའི་ཞི་གནས་ལམ། ཞེས་གསུང་ས་པ་ལྟར་།
མི་རྟོག་པ། བརྟག་དཔྱད་མི་བྱེད་པ། སྐབས་རེར་ཞི་གནས་ལའང་གོ་སྟེ། མི་རྟོག་སྐྱོང་བ་ཞེས་དང་། ཅི་ཡང་རྟོག་
འཇོག་པའི་ཞི་གནས་ལམ།
ཞེས་ལམ་རིམ་དུ་གསུང་ས་པ་ལྟར་རོ།
མི་རྟོག་པར་བཞག་པ། སེམས་མི་རྟོག་པར་བཞག་པ་དང་འདྲ་། སེམས་མི་རྟོག་པར་བཞག་པ་ལ་གཟིགས།
མི་སྡུག་པ། མི་མཛེས་པ། མདོག་ང་ན་པ།
མི་སྡུག་པ་ལ་དམིགས། འདོད་ཆགས་ཤས་ཆེ་བ་ཞིག་ཡིན་ན་མི་སྡུག་པ་ལ་སེམས་གཏོད་པར་བྱེད། ཅེས་པའི་མི་
སྡུག་པ་ལ་དམིགས་ཚུལ་ནི། སྒྲ་དང་སྤུ་ལ་སོགས་པ་སོ་དྲུག་ནི་ནང་བི་མི་སྡུག་པ་དང་། རྣམ་པར་སྔོས་པ་
ལ་སོགས་པ་
ནི་ཕྱི་རོལ་གྱི་མི་སྡུག་པ་སྟེ། མི་གཙ་ང་བའི་མི་སྡུག་པའི་རྣམ་པ་བློ་ལ་ཤར་བ་ལ་སེམས་འཛིན་
པའོ།
ཞེས་ལམ་རིམ་ཆེན་མོ་ལས་གསུངས་པ་ལྟར་རོ།
མི་སྡུག་པའི་མཚན་མ་བཅུ་གཉིས། མདོག་སོལ་བ་ལྷར་གནག་ལ། གདོང་ལ་འབུར་པོ་གསུམ་ཡོད་པ། སྣ་
ཁྱོལ་བ། མིག་གཉིས་ཤེལ་ལྟར་གཡོ་བ། གདོང་གཉེར་མ་ཅ་ན། མཆུ་འཕྱང་བ། སྒྲ་མི་སྙན་པ། གསུས་
པ་ཆེ་བ།
རྐུབ་འབུར་བ། རྐང་གཉིས་གྱོལ་བ། མགོ་ཤུ་བ་ཅ་ན་སྒྲ་མེད་པ། འདྲེ་ལྟར་མི་སྡུག་པ་སྟེ་བཅུ་
གཉིས་སོ།
འདི་མདོ་ལས་གསུང་ས། མཚན་མ་ངན་པ་བཅོ་བརྒྱད་ལ་གཟིགས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*