www.dharmabook.ru tibetan OCR


543
མིག་ཚུགས་སུ་ལྟ་བ། ཤིན་ཏུ་རང་ས་པ་སྐྱེས་ནས་མིག་བགྲད་དེ་ལྟ་བའོ།
མིག་བཟང་། ༿ བུད་མེད་ཀྱི་མིང་། ཕྱག་རྒྱ་མ། རྗེའི་གསུང་ལྟར་བཀོད། སྒྲ་བཤད་ནི། བུད་མེད་རྣམས་མིག་
ཤིན་ཏུ་བཟང་པོའམ་མཛེས་པ་དང་ལྡན་པས་དེ་སྐད་ཅེས་བཏགས་སོ། ༿ མིག་བཟང་པོ་དང་ལྡན་པ།
མིག་གསལ་པོ་དང་མཛེས་པོ།
མིག་ཡ་ངས། མིག་ཡངས་མ་དང་འདྲ།
མིག་ཡངས་མ། བུད་མེད། མིག་དཀྱུས་རིང་བས་དེ་སྐད་ཅིས་བཏགས།
མིག་ཡོར། གཟུགས་བརྙན། སྣང་བརྙན། མིའི་ལུས་ཀྱི་གྲིབ་མ། རྗེའི་འགྲེལ་པ་བཞི་སྦྲགས་ལས། མིག་ཡོར་ཏེ་
སྣང་བརྙན། ཞེས་ད་ང་། རྗེའི་རིམ་ལྔ་གསལ་སྒྲོན་ལས། མི་ག་ཡོར་ཏེ་མིའི་གྲིབ་མའི་ལུས་ལྟ་བུ་ཞེས་
གསུངས་པ་ལྟར་རོ།
མིག་རས་བཙའ། མིག་པིས་ཧུ་རེར་ལྟ་བ་དང་བྱ་ར་བྱེད་པ། སློབ་དཔོན་དཔའ་པོས། ཁྱོད་ཀྱི་བསྟན་ལས་ཕྱིར་
ཕྱོགས་པའི།
སྐྱེ་བོ་མ་རིག་བིས་ལྡོང་ས་པ། སྲིད་རྩེའི་བར་དུ་སོང་ནས་ཀྱང་། སྡུག་བསྔལ་ཡང་འབྱུང་
སྲིད་པ་
འགྲུབ། ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། བདུད་ཀྱི་
མིག་རས་བཙའ་བཞིན་དུ།
སྲིད་པ་དག་ནི་ལྡོག་པར་བྱེད། ཅེས་གསུང་ས་པ་ལྟར་རོ།
མིང་གི་རྣམ་གྲངས། མིང་གི་དབྱེ་བ། དོན་གཅིག་ལ་མིང་མི་འདྲ་བ་སྣ་ཚོགས་པ། མིང་རྣམ་གྲང་ས་པ། སྒྲ་རྣམ་
གྲང་ས་པ་རྣ
མས་དོན་གཅིག། སྒྲ་བཤད་ནི། མིང་གི་རྣམ་གྲངས་ཏེ་རབ་དབྱེ་ཡིན་པས་ན་དེ་སྐད་ཅེས་
བྱའོ།
རྣམ་གྲངས་ལ་གཟིགཟིགས།
མིང་གི་ལྷག་མར་མཛད། བཅོམ་པ། བཤིག་པ། རྩ་མེད་བཟོས་པ། མིང་ཙ་མ་མ་གཏོགས་གཞན་གང་ཡང་ཤུལ་
དུ་མ་
ལྷག་པར་རྩ་མེད་བཟོས་པའི་དོན་ཡིན། རྗེའི་འཛམ་དབྱང་ས་བསྟོད་སྤྲིན་རྒྱ་མཚོ་ལས། སྒྱུ་མ་ལྟ་བུའི་
ཏིང་འཛིན་རྡོ་རྗེ་ཡིས།
མཐར་འཛིན་རི་བོ་མིང་བི་ལྷག་མར་མཛད། ཅེས་གསུང་ས་པ་ལྟར་རོ།
མིང་མཐའ། (4) རྗེས་འཇུག (2)མིང་པི་ཆ་ཤས་ཀྱི་ཡི་གེ་མཐའ་མ། ཀ་བ་ཞེས་པའི་མིང་མཐའི་བ་ཡིག་དང་།
བུམ་པ་ཞེས་པའི་མིང་མཐའི་པ་ཡིག་རྣམས་ལྟ་བུ།
མིང་དུ་ཆགས་པའི་སྒྲ། ཉེས་པ་ཆུང་ངུ་། ཤཱཀྱ་འོད་གསུང་།
མིང་བརྔ། མིང་། མིང་གི་ཐ་སྙད། བད་ཆད་རྣམས་དོན་གཅིག

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*