www.dharmabook.ru tibetan OCR


545
གྲིས་ལས་གསུང་ས། ཀི་ན་ར ཞེས་པ་མིའམ་ཅིའི་སྐད་དོད་དུ། བུ་སྟོན་གྱི་དུས་ཀྱི་འཁོར་ལོའི་ཊི་ཀ་
འདོད་
འཇོ་ན་གསལ།
མི་འམ་མིར་ཆགས་པ། མིར་ཆགས་པའི་གནས་སྐབས་ལྔ་ནི། མེར་མེར་པོ། ནུར་ནུར་པོ། ལྟར་ལྟར་པོ། འཁྲང་
འགྱུར།
རྐང་ལག་འགྱུས་པའི་གནས་སྐབས་ཏེ་ལྔའོ། མིའི་གནས་སྐབས་ལྔ་ནི། བྱིས་པ། གཞོན་ནུ། ད་ར་
ལ་བབ་པ།
དར་ཡོལ། རྒན་པོའི་གནས་སྐབས་རྣམས་ཡིན་ནོ། དེ་རྣམས་ཀྱི་ཁྱད་པར་ནི། མེར་མེར་
པོ་ནི།
ཕ་མའི་མི་གཙང་བ་གཉིས་ཚོགས་ཤིང་དེར་རྣམ་ཤེས་ཞུགས་ནས་བདུན་ཕྲག་དང་པོ་ལ་མེར་མེར་
པོ་སྟེ་ཕྱི་སྤྲིས་མ་ལྟ་བུས་གཡོགས་
ལ་ནང་རླན་ཏེ་མེར་མེར་པོར་འདུག་པའོ། ནུར་ནུར་པོ་ནི། བདུན་
ཕྲག་གཉིས་པ་ལ་ནུར་ནུར་པོ་སྟེ་ཞོ་ལྟ་བུར་འདུག་ལ་ཤར་མ་གྱུར་པའོ།
ལྟར་ལྟར་པོ་ནི། བདུན་ཕྲག་
གསུམ་པ་ལ་ལྟར་ལྟར་པོ་སྟེ་ཤར་ནི་གྱུར་ལ་སླ་བའོ།
འཁྲང་འགྱུར་ནི། བདུན་བཞི་པ་ནས་འཁྲང་
འགྱུར་
ཏེ་བསྐ་བར་གྱུར་ཏེ་མནན་དུ་བཟོད་པའོ། རྐང་ལག་འགྱུས་པ་ནི། ཤ་ལྷག་ལྟ་བུར་གྱུར་ཏེ་ཡན་
ལག་གི་
མཆན་མ་བྱུང་བའོ། བྱིས་པ་ནི། ཕྱིར་སྐྱེས་ནས་འགྲོ་མི་ནུས་པ་ཡན་ཆད་དོ། གཞོན་ནུ་ནི།
འགྲོ་ནུས་ནས་འདོད་པ་སྤྱོད་མི་ནུས་པའོ། དར་ལ་བབ་པ་ནི་འདོད་པ་སྤྱོད་ནུས་པ་ནས་ལོ་སུམ་ཅུ་
མན་ཆད་ད་དོ།
ད་ར་ཡོལ་ནི། ལོ་སུམ་ཅུ་ཐལ་ནས་ལྔ་བཅུ་མན་ཆད་དོ། རྒན་པོ་ནི་ལོ་ལྔ་བཅུ་ཡན་ཆད་
ལོན་པ་
རྣམས་སོ། རྐང་ལག་འགྱུས་པའི་གནས་སྐབས་ལ་མི་དང་མིར་ཆགས་པ་གཉིས་ཀ་ཡོད་པའང་
མཚོ་
ཊིཀ་ལས་གསུངས་སོ།
མིའི་ཆོས། མི་ཆོས་དང་འདྲ།
མིའི་རིན་པོ་ཆེ་ལྔ། གསེར། དངུལ། མུ་ཏིག། མུ་མེན། བྱུ་རུ་དང་ལྔའོ། རྒྱལ་རབས་གསལ་བའི་མེ་ལོང་ན་
གསལ།
མུ་ཁ། ལེགས་སྦྱར གདོང་། ཁ། སྒོ་རྣམས་ལ་འཇུག་པར་འགྲེལ་པ་བཞི་སྦྲགས་ན་གསལ།
མུ་ཅོར་སྨྲ་བ། དོན་མེད་ཀྱི་ཚིག་མང་པོ་སྨྲ་བ།
མུ་ཏིག པནུཀྟ་ཀཌ ལེགས་སྦྱར་གྱི་མུཀཱི་ཀ་ཟུར་ཆག། རྒྱ་མཚོའི་འགྲམ་གྱི་སྲོག་ཆགས་ཉ་ཕྱིས་རུས་པའི་ཁོག་ནས་
ཐོན་པའི་
རིན་པོ་ཆེའི་རིགས་ཤིག། ཁ་དོག་དཀར་པོ་གྲགས་ཆེ་ཡང་། ནག་པོ་དང་དམར་པོ་སོགས་ཡོད་
པར་བཤད།
མུ་ཏིག་ནག་པོ་འདི་དཀོན་པས་རིན་ཐང་ཆེ་བར་བར་བརྩི། མུ་ཏིག་དམར་པོ་ནི་སངས་རྒྱས་བྱང་
སེམས་ཉ
ར་སྤྲུལ་པའི་ཁོག་པ་ནས་འབྱུང་བར་བཤད། དེ་ལ་རཀྟ་མུ་ཏིག་ཟེར།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*