www.dharmabook.ru tibetan OCR


552
དམར་ནག་འཇིགས་གསུམ། གཤིན་རྗེ་གཤེད་ལ། དགྲ་ནག་ད་ང་། གཤེད་དམར་དང་། འཇིགས་བྱེད་དང་
གསུམ་། དེ་ཡང་ཅུང་ཟད་ཁྲོས་པས་དགྲ་ནག ཆེས་ཁྲོས་པས་གཤེད་དམར། ཤིན་ཏུ་ཁྲོས་པས་
འཇིགས་བྱེད་དོ།
དམར་པོ། (4)ཁ་དོག་ཅིག། མཆན་གཞི་ནི། སངས་རྒྱས་ཆེ་དཔག་མེད་ཀྱི་སྐུ་མདོག་ལྟ་བུ། (2)ཡུལ་སྐད་ ལག་
ཐོགས་པོ།
གནད་སྨིན་པོ། རྩམ་པ་འདི་དམར་པོ་ཞེ་དྲག་བྱུང་། ཞེས་པ་ལྟ་བུ།
དམར་ (1)དམར་པོ་དང་འདྲ། (2)ཁྱད་ཐོན་པ། ནུས་པ་ཐོན་པ། བྱང་བ། དཔེར་ན་འཆད་ཉན་ཤིན་ཏུ་
དམར་བ་མཛད།
ཅེས་དང་། རིམ་གྲོ་སོགས་ལ་ཤིན་ཏུ་དམར་བ་མཛད་ལྟ་བུ།
དམར་གཡོ་གཙང་གསུམ། བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོ་བར་མཛད་པའི་མཁས་པ་མི་གསུམ་ནི།
ད་མར་བན་ཤཱཀྱ་མུ་ནེ་དང་། གཡོ་དགེ་འབྱུང་། གཙང་རབ་གསལ་དང་གསུམ་མོ།
དམར་ལམ་པ། དམར་པོ་འོད་ཀྱི་རང་བཞིན་ཅན།
དམར་ལམ་མེ་བ། དམར་ལམ་པ་དང་འདྲ།
ད་མིགས་བཅས་ཀྱི་སྟོང་ཉིད། བཀའ་བརྒྱུད སྟོང་ཉིད་དང་དོན་འདྲ། སྒྲ་བཤད་ནི། སྟོང་ཉིད་ལ་དམིགས་བཅ་ས་
ཀྱི་སྟོང་
ཉིད་ཅེས་གསུང་ས་པའི་དམིགས་བཅ་ས་ནི་སྤྲོས་པ་དང་བཅས་པ་དང་། མཚན་མ་དང་བཅས་པ་
དང་།
རྟོག་པ་དང་བཅས་པ་དང་། རྩོལ་བཅས་རྣམས་མ་ཡིན་གྱི། དམིགས་པ་ནི་དངོས་སུ་མཐོང་ཞིང་
མོང་བའི་དོན་ཡིན་པས་ཡེ་ཤེས་མ་འཁྲུལ་པ་ལ་མངོན་སུམ་དུ་སྣང་བའོ།
ད་མིགས་རྟེན་མ་བརྗེད་པ། གཞན་གྱིས་དྲིས་པ་དང་། རང་གིས་བརྟགས་པ་ན་དམིགས་རྟེན་དེ་ནི་འདི་འདྲ་ཡིན་
ནོ་ཞེས་བླ་མས་བསྟན་
པ་དྲན་ཐུབ་པ་ཙ་མ་ལ་མི་ཟེར་གྱི། སེམས་དམིགས་པ་ལ་བཏགས་པ་དེ་ཐུར་རེ་སྟེ་
རྒྱུན་ལྡ
ན་དུ་དྲན་ནས་ཅུང་ཟད་ཀྱང་མི་ཡེངས་པར་གནས་ཐུབ་ན། དེ་ལ་ཞི་གནས་ཀྱི་དམིགས་རྟེན་མ་
བརྗེད་པ་
ཞེས་བྱོ།
དམིགས་རྟེན་རྙེད་པའི་ཚ་ད། ཞི་གནས་སྒྲུབ་པའི་སྐབས་དམིགས་རྟེན་རྙེད་པའི་ཚད་ནི། དབུ་དང་ཕྱག་གཉིས་
ད་ང་སྐུའི་ཁོག་གཞན་དང་ཞབས་གཉིས་རིམ་པ་བཞིན་ལན་འགའ་ཟུང་གསལ་
གདབ་ལ། དེའི་མཐར་འོད་
ད་ང་བཅ་ས་པའི་གསལ་པོ་མ་བྱུང་ཡང་།
སྐུའི་སྤྱི་ཡིད་ལ་བྱས་པ་ན་ཡིད་ངོར་ཡན་ལག་རགས་པ་རྣམས་ཆ་
ཕྱེད་ཙམ་འཆར་ཐུབ་པ་བྱུང་ན།
དམིགས་རྟེན་རྙེད་པར་འཇོག་པ་ཡིན་ནོ།
དམིགས་འབྱེད་པ། ཁྱད་པར་འབྱེད་པ། གསལ་ཁ་འབྱེད་པ།
(3)

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*