www.dharmabook.ru tibetan OCR


5 59
ཙ་དྲའི་གླིང་ཞེས་གྲགས་སོ། དེ་ནས་ཉ་པས་བསྒྲལ་ཏེ་བ་རེདྲའི་རྒྱལ་པོའང་ད་ད་ནས་མཆོད་གནས་མཛད།
མཐར་གྱིས་ནཱ་ལེདྲར་ཕེབས་ཏེ་ཡོན་ཏན་ཅི་ཤེས་འདྲི་བ་ལ་སྒྲ་པཱ་ཆི་དང་། མཚན་བརྗོད། བསྟོད་པ་བརྒྱ་ལྔ་
བཅུ་པ་གསུམ་ཤེས་
ཞེས་བརྗོད་པས། མཁས་པ་ཆེན་པོར་ཤེས་ཏེ་བསུ་བ་དང་བཀུར་སཱི་རྒྱ་ཆེན་པོ་བྱས་
སོ།
བསྟན་བཅོས་ཀྱང་། ཟླ་བ་སྒྲོན་མེའི་འགྲེལ་པ་དང་། སྲུ་གསུམ་ལ་འཇུག་པ། རྟ་མགྲིན་གྱི་སྒྲུབ་ཐབས།
སེང་གེ་སྒྲའི་སྒྲུབ་ཐབས། རྣམ་འཇོམས་ཀྱི་སྒྲུབ་ཐབས་མདོར་བསྡུས། འཇམ་དབྱངས་མཇིང་ཡོན་གྱི་བསྟོད་
པ་
བྱིན་རླབས་ཅན། སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་འཛིན། བཤགས་པའི་བསྟོད་པ། སྒྲ་དང་སྨན་དཔྱད་
ལ་སོགས་པའི་བསྟན་བཅོས་མང་དུ་མཛད་ད་དོ། དེའི་ཆེ་སློབ་དཔོན་ཟླ་བ་གྲགས་པས་སྒྲའི་བསྟན་བཅོས་ཀུན་
ཏུ་བཟང་པོ་ཞེས་བྱ་བ་
ལེགས་པ་ཞིག་གཟིགས་པ་ན། རང་གིས་བྱས་པའི་བསྟན་བཅོས་མི་ལེགས་པས་སྣུབ་
བོ་
སྙམ་དུ་དགོངས་ཏེ་ཁྲོན་པར་བསྐྱུར་བ་ན། འཕགས་པ་སྤྱན་རས་གཟིགས་ཀྱིས་ཁྱོད་ཀྱིས་ལྷག་བསམ་གྱིས་
བྱས་པས་
བསྟན་འགྲོར་ཕན་ཐོགས་ཆེན་པོ་འབྱུང་བར་འགྱུར་གྱི་ཐོན་ཅིག་ཅེས་གསུངས་ཏེ་བཏེ་བཏོན། ཁྲོན་པ་
དེ་ལ་
ཙ་དྲ་ཁྲོན་པ་ཞེས་གྲགས་ཤིང་། དེ་ལས་ཆུ་འཐུང་ན་བློ་རྣོ་བར་འགྱུར་རོ་ཟེར། དེའི་ཚེ་སློབ་ད་པོན་ཟླ་
བ་གྲགས་
པ་དང་རྩོད་པ་བྱས་ཏེ། དེ་རིང་གི་ལན་སྤྱན་རས་གཟིགས་ལ་ཞུས་ཏེ་ཕྱི་ཉིཉིན་བཏབ་པས། ཟླ་
གྲགས་ཐེ་ཚོམ་དུ་གྱུར་ཏེ་
ཕྱི་བཞིན་བསྙེགས་པ་ན། འཇིག་རྟེན་དབང་ཕྱུག་གིས་སློབ་པར་གཟིགས་པ་ན།
འཕགས་པ་ཉེ་རིང་མ་མཛད་ཅེས་གསོལ་བ་ས། ཕྱག་མཛུབ་བསྲུམ་པ་མ་བྱུང་བར་ལུས་པས། དེང་སང་
ཡ་ང་ཐུགས་རྗེ་ཆེན་པོ་མཛུབ་ཀེར་ཞེས་གྲགས་སོ།

ཙ་མ་པ། གྲོང་ཁྱེར་ཆེན་པོ་དྲུག་གི་ནང་གསེས། སྒྲ་བཤད་ནི། ཀླུའི་རྒྱལ་པོ་ཙམ་པའི་གནས་ཀྱི་ཉེ་དྲུང་དུ་གྲོང་ཁྱེར་
བརྩིགས་པས་
ཙམ་པ་ཞེས་བྱ་བའམ། ཡང་ན་ཤིང་ཙ་མ་པའི་ཆལ་ཏུ་བརྩིགས་པས་དེ་ལྟར་དུ་བཏགས་
སོ།
ཞེས་འདུལ་བ་ལུང་གཞིའི་རྒྱ་ཆེར་བཤད་པ་ལ་གཞི་བྱས། གྲོང་ཁྱེར་ཙ་མ་པ་ནི་ཨང་གའི་གྲོང་ཁྱེར་གྱི་
གཙོ་
བ་ཡིན་པ་འདུལ་བ་ལུང་གཞི་པོད་དང་པོའི་ནང་གསལ་ལ། ཨང་ག་ནི་བི་ཧར་མང་འ་སྡེའི་ཤར་ཕྱོགས་
ས་
ཁུལ་ལ་ཡོད་ཅིང་། 8ཨཾ་གའམ། ཨབ་ནི་དེང་སང་ 8 8 1ཁཡ ཞེས་པའི་རྫོང་ ཐ་ག་ངདེ་ཡིན་
པར་
འགའ་ཞིག་གིས་ངོས་འཛིན་བྱེད།
ཙམ་པ་ཀ། [ལེགས་སྦྱར (4) མེ་ཏོག་ཙ་མ་པ་ཀ། (2) གྲོང་ཁྱེར་ཙ་མ་པ་ཀ་སྟེ། རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་
ཡ་གྱལ་ལོ།
ཙམ་པོ། ཙམ་པོ་བ་དང་འདྲ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*