www.dharmabook.ru tibetan OCR


566
ད་ད་ལྡན་སེམས་སུན་འབྱིན། དམ་ཚིག་མི་བསྟེན་བུད་མེད་སྨོད་པ་སྟེ། རྩ་ལྟུང་བཅུ་བཞི་སྲོག་དང་བསྡོས་
ཏེ་
བསྲུང་། ཞེས་པ་ལྟར་བཅུ་བཞིའོ། སྒྲ་བཤད་ནི། འདི་ལས་ལྕི་བའི་སྔགས་ཀྱི་ལྟུང་བ་མེད་པས་ན་རྩ་བ་
དང་།
མ་བཤགས་ན་རྡོ་ཇེ་དམྱལ་བར་ལྟུང་བར་བྱེད་པའི་ཕྱིར་ལྟུང་བ་ཞེས་བྱའོ།
རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས། སྤྱི་བོར་རྩ་མི་ཕྱེད་མ་ནས། ཕྱོགས་བཞིར་རྩ་བཞི་གྱེས། དེ་བཞིའི་རྩེ་མོ་གཉིས་
གཉིས་
སུ་གྱེས་པས་ཕྱོགས་མཆམས་ཀྱི་རྩ་བརྒྱད་ད་དོ། བརྒྱད་པོ་རེ་རེ་ལ་གསུམ་གསུམ་དུ་གྱེས་པས། རྩ་
ཉེར་བཞི།
ཉེར་བཞི་པོ་རེ་རེ་ལ། རྩོ་མོ་གསུམ་གསུམ་དུ་གྱེས་པས། རྩ་བདུན་ཅུ་རྩ་གཉིས། དེ་རེ་རེ་ལ་
སྟོང་
ཕྲག་གྱེས་པས་རྩ་བདུན་ཁྲི་ཉིས་སྟོང་ངོ་།
རྩྭ་དུར་བ། རྩྭ་རམ་པ། བསམ་གཏན་པ་རྣམས་ཀྱིས་སྟན་འོག་ཏུ་རྩྭ་དུར་བ་འདིང་བའི་དགོས་པ་ནི། བཅོམ་ལྡན་
འད་ས་
འཆང་རྒྱ་ཁར་རྩ་ཚོང་གི་ཁྱེའུ་བཀྲ་ཤིས་ལ། བཀྲ་ཤིས་རྩྭ་ནི་ང་ལ་མུར་དུ་བྱིན། དེ་རིང་ང་ལ་རྩྭ་ནི་
དོན་ཆེན་འགྲྭ
ར། དབུང་དང་བཅ་ས་པའི་བདུད་ནི་བཅོམ་ནས་སུ། བྱང་ཆུབ་དམ་པ་ཞི་བར་རེག་པར་
འགྱུར།
ཅེས་དང་། སྟན་འདིར་བདག་ནི་ལུས་ནི་བསྐམས་ཀྱང་རུང་། པགས་པ་རུས་པ་ཤ་རྣམས་ཞིག་
ཀྱང་རུང་།
བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། ཞེས་
གསུངས་ནས་རྩྭ་བཞེས་ཏེ་འདིང་བར་མཛད་ནས་
ཡི་ད་མ་བརྟན་པོས་བྱང་ཆུབ་མངོན་དུ་མཛད་པའི་རྣམ་
ཐར་དྲན་པའི་ཆེད་དུ་ཡིན།
རྩྭ་གདིང་ཚུལ་ནི། རྩྭའི་རྩེ་མོ་ནང་དང་རྩ་བ་ཕྱིར་བསྟན་ནས་དགྲ་མ།
རྩ་བདུན་ཅུ་རྩ་གཉིས། སྤྱི་བོར་རྩ་མི་ཕྱེད་མ་ནས། ཕྱོགས་བཞིར་རྩ་བཞི་གྱེས། དེ་བཞིའི་རྩེ་མོ་གཉིས་གཉིས་སུ་
གྱེས་པས་
ཕྱོགས་མཆམས་ཀྱི་ཙ་བརྒྱད་དོ། བརྒྱད་པོ་རེ་རེ་ལ་གསུམ་གསུམ་དུ་གྱེས་པས། རྩ་ཉེར་བཞི།
ཉེར་བཞི་པོ་རེ་རེ་ལ། རྩོ་མོ་གསུམ་གསུམ་དུ་གྱེས་པས། རྩ་བདུན་ཅུ་རྩ་གཉིས་སོ།
རྩ་བདུན་ཁྲི་ཉིས་སྟོང་། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་འདྲ་།
རྩ་བ་དང་ཡ་ན་ལག་གི་རླུང་བཅུ། རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་སྟེ་བཅུའོ། སྲོག་འཛིན། ཐུར་སེལ། མེ་
མཉམ།
གྱེན་རྒྱུ། ཁྱབ་བྱེད་ཀྱི་རླུང་དང་ལྔ་སྟེ་རྩ་བའི་རླུང་ལྔ་ད་ང་། ཀླུའི་རླུང་། རུས་སྦལ་གྱི་རླུང་། རྩང་ས་
པའི་རླུང་།
ལྷས་སྦྱིན་གྱི་རླུང་། ནོར་ལས་རྒྱལ་ལམ་གཞུ་ལས་རྒྱལ་གྱི་རླུང་སྟེ་བཅུའོ།
རྩ་བ་འབྱུང་བ་འདུག་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་བཅོ་བརྒྱད་པ་ནི། མཐོ་འཆམས་པའི་བསམ་
པས་དབེ་
འདུན་གྱི་གཅུག་ལག་ཁང་བི་སྟེང་དུ་ཁྲིའི་རྐང་པ་བཅུགས་ཏེ་མནན་ནས་འདུག་པའོ།
(8)

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*