www.dharmabook.ru tibetan OCR


པ་ཞིག་ཏུ་བསྒོམ་པ་ཡིན་ཏེ། དྲང་ཞིང་བརྐྱངས་པ་ཚུ་ཤིང་གི་སྡོང་པོ་ལྟ་བུ། ནང་ད་མར་ཞིང་སྣུམ་པ་
རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ།
གསལ་ལ་དང་ས་པ་ཏིལ་དམར་གྱི་མར་མེ་ལྟ་བུ། འཇམ་ལ་མཉེན་པ་པད་
མའི་འདབ་མ་ལྟ
་བུའི་ཁྱད་ཆོས་བཞི་ལྡན་ནོ། མིང་གི་རྣམ་གྲངས་ནི། ཨ་བ་དྷཱུ་འི། མ་ནིང་བི་རྩ། མུན་
པའི་རྩ།
[དེའི་ནང་ནས་མུན་པ་དང་ཁུ་ཁྲག་དང་ལུང་འབྱུང་བས་ན་སྙིང་སྟོབས་དྲུལ་མུན་གསུམ་གྱི་ནང་ནས་མུན་པའི་རྩ་དང་།
སྐེས་པ་དང་བུད་མེད་མ་ནིང་གསུམ་གྱི་ནང་ནས་མ་ནིང་གི་རྩ་དང་། ཉི་ཟླ་སྒྲ་གཅན་གསུམ་གྱི་ནང་ནས་སྒྲ་གཅན་གྱི་རྩ་ཞེས་
བྱའོ། ཞེས་ཇེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་དབྱིད་ཐིག་ལས་གསུང་ས། སྒྲ་གཅ་ན་གྱི་རྩ། ཀུན་སྤང་ས་མ།
ཀུན་འད་ར་མ། ཕྲ་མོའི་གཟུགས། སུ་མ་ན། ནང་གི་ཤིང་གཅིག ཆངས་པའི་དབྱུག་པ་རྣམས་མིང་གི་
རྣམ་གྲང་ས་ཡིན།
གཞན་ཡང་། རྩ་དབུ་མ་ལ་གནས་ཚོད་ཀྱི་རྩ་དབུ་མ་དང་། སྒོམ་དོན་གྱི་རྩ་དབུ་མ་
གཉིས་ཡོད།
རྩ་དབུ་མའི་ཡ་ར་སྣ། (4) སྤྱི་བོའི་ཆངས་པའི་བུ་ག (2)སྨིན་མཆམས། འོ་ན་གཞུང་འགའ་ཞིག་ཏུ་རྩ་དབུ་མའི་
ཡར་སྣ་
མིན་མཆམས་སུ་ཡོད་པར་བཤད། འགའ་ཞིག་ཏུ་སྤྱི་གཅུག་ཏུ་ཡོད་པར་བཤད་པ་ཇི་ལྟར་ཡིན་ཞེ་ན།
དེ་ནི་སྤྱི་བོའི་ཙ་འཁོར་གྱི་རྩ་དབུ་མ་ལས་གྱེས་ཏེ་དེའི་ཆན་པ་གཅིག་སྤྱི་བོའི་ཆང་ས་པའི་བུ་ག་དང་། དེའི་
ཆ་ན་
པ་གཅིག་སྨིན་མཆམས་སུ་ཡོད་པར་བཤད་ཀྱང་འགལ་བ་མེད་དེ། དཔེར་ན་རོ་རྐྱང་དབུ་མ་གསུམ་སྤྱི་
བོ་ནས་གསང་གནས་
ཀྱི་སུམ་མདོའི་བར་དུ་ཡོད་ལ། དེ་ནས་གསུམ་དུ་གྱེས་ཏེ་ཆན་པ་གཉིས་རྐང་མཐིལ་
གཉིས་དང་།
ཆན་གཅིག་རྟགས་ཀྱི་རྩེར་ཡོད་པར་རྗེའི་གསུང་ཟིན་གྲིས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་
ལས་
གསུངས་པ་དང་མཐུན་ནོ། ཡང་ན། དེ་ནི་རྩ་དབུ་མ་ཆངས་བུག་ནས་སྨིན་མཆམས་སུ་ཁ་ཕྱོགས་ཏེ་
ཡོད་པས་དེ་ལྟར་དུ་བཤད་པའོ།
རྩ་དབུ་མའི་མར་སྣ། ཕོ་མོའི་གསང་གནས་སུ་ཡོད་། དེ་ལ་དུང་ཅ་ན་མ་ཟེར།
རྩ་མི་ཕྱེད་མ། མི་ཕྱེད་མ་དང་དོན་འདྲ། མི་ཕྱེད་མ་ལ་གཟིགས།
རྩ་མྭ ཤིང་ཐོག་ཀུ་ཤུ།
རྩ་ཞལ། དབུས་ཞལ། ཞལ་གྱི་གཅོ་བོ།
ཙ་ཡི་མཆོག་མ། རྩྭའི་མཆོག་མ་དང་འདྲ།
རྩ་རོ་མ། རྩའི་གཙོ་མོ་གསུམ་གྱི་ཡ་གྱལ་ཏེ། དེ་ནི་ཁ་དོག་དམར་པོ། ལྟེ་བ་ཡན་དུ་རྩ་ད་བུ་མའི་གཡས་ན་གནས་
ཀྱང་།
ལྟེ་འོག་ནས་དབུ་མའི་གཡོན་དུ་འཁྱོགས་ཏེ་བཤང་བ་འཕེན་འཛིན་བྱེད་ལ། ཁྲག་གཙོ་བོར་འཔབ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*