www.dharmabook.ru tibetan OCR


59
པར་མཚོ་མ་ཕམ་སྐོར་མི་ལའི་གསུང་མབུར་ལུང་འདྲེན་གནང་སྟེ། མ་ཕམ་གཡུ་མཚོ་སྐད་པ་དེ། མ་དོས་
མཚོ་མོ་བྱ
་བ་ཡིན། ཞེས་སོགས་ས་པཎ་ལ་དགག་བཞག་ཀྱང་གནང་འདུག། ཞྭ་སྒབ་པའི་རྒྱལ་རབས་ལ་
གཞི་བྱས། དེ་མདོག་དབྱིབས་གཡུ་ཡི་མཎྜལ་ཁ་པུབ་པ་ལྟ་བུ་ཞིག་ཡོད་ཚུལ། རྗེའི་མི་ལའི་རྣམ་མགུར་དུ་
གསལ་ཏེ།
མ་ཕམ་གཡུ་མཚོ་སྐད་པ་དེ། ཞེས་པ་ནས། སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པའི།
མཚོ་མ་དོས་པ་ཞེས་བྱ་བ་ཡིན། སྤྱིར་ཚུ་བོ་བཞི་འདུས་ཀྱི་མགོ་བོ་ཡིན། ཉ་སྲམ་རྣམས་ཀྱིས་འཕྱོ་ས་
ཡིན།
མཚོ་གཡུའི་མཎྜལ་འདྲ་བ་དེ། ཀླུ་ཆེན་བརྒྱད་ཀྱི་ཕོ་བྲང་ཨིན། ཞེས་དང་། དེ་མཐའ་སྤང་དང་
བྲག་གིས་
བརྒྱན། ཀླུ་ཕྲན་རྣམས་ཀྱི་བང་མཛོད་ཡི་ན། ཤིང་འཛམ་བུ་ཏྲི་ཤའི་སྐྱེ་གནས་ཡིན། ལྷོ་འཛམ་བུ་
གླིང་ཞེས་དེ་ལ་དྲས།
ཞེས་སོགས་གསུང་ས། བོད་རྒྱ་ཚིག་མཛོད་ཆེན་མོར། རྒྱའི་ལོ་རྒྱུས་ནང་དུ་གསལ་
བའི་
ཡའོ་ཁྲི་སྟེ་གཡང་ཊིའི་མཚོ་ཟེར་བ་དེ་ཡིན་ཞིང་། དེ་ལྟར་ན་ལོ་སུམ་སྟོང་གི་སྔོན་ལ་ཀྲོའུ་རྒྱལ་རབས་
ཀྱི་རྒྱལ་པོ་མུ་དབང་ཞེས་པ་ནུབ་ཕྱོགས་གནས་སྐོར་དུ་ཕེབས་པའི་མཚོ་དེ་ཡིན་ཞེས་གསལ།
མཚོན་པ། (1)གོ་བར་བྱེད་པ། དཔེར་ན། དེས་མཚོན་པར་ནུས་སོ་ལྟ་བུ། (2) སྟོན་པ། རྗའི་འཇུག་པའི་ཊིཀ་
ཆེན་ལས།
ཟབ་ཅིང་རྒྱ་ཆེའི་ལེགས་བཤད་ཀུན་གྱི་གྱི་གཏེར། འཇིག་རྟེན་ཀུན་གྱི་མ་འདྲིས་མཛའ་བཤེས་
ཏེ།
ས་གསུམ་འགྲོ་ལ་ལམ་བཟང་མཚོན་པའི་མིག ཐུབ་དབང་སྨྲ་བའི་ཉི་མས་རྟག་ཏུ་སྐྱོངས། ཞེས་པ་
ལྟ་བུ།
(8) དཔེར་སྟོན་པ། དཔེར་ན། དེ་ནི་མཚོན་པ་ཙམ་མོ་ཞེས་པ་ལྟ་བུ། (4) རྙེད་པ་། ཐོབ་པ། རྗེའི་
འདུ
ས་པའི་དཀའ་གནད་བསྟན་པ་ལས། གང་ཞིག་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཤིང་། དབང་གིས་
ལེགས་
སྲིན་སྡོམ་པ་ཡོང་ས་སུ་དག དྲན་པ་གཅིག་པའི་རྣལ་འབྱོར་མཐར་ཕྱིན་ཅིང་། རྡོ་རྗེ་གསུམ་གྱི་ཏིང་
འཇིན་རྙེད་པ་དེས། སྒུ་མ་འོད་གསལ་བདེན་པ་གཉིས་ཀྱི་ལམ། ཆོས་དང་གཟུགས་སྐུ་གཉིས་ནི་མཐོང་
ཆོས་ལ།
མངོན་དུ་འགྱུར་བའི་ཉེ་རྒྱུར་འཇུག་པ་ན། ཕྱག་རྒྱ་བཟང་ལས་བདེ་ཆེན་མཚོན་པར་བྱ། ཞེས་
གསུངས་པ་ལྟར་།
(5) འབྱུང་བ། གསལ་བ། འཐོན་པ། དཔེར་ན། མགྲིན་པའི་ལམ་དུ་མཚོན་པ་འདི་
ལྷར།
ལྟ་བུ།
འཚིག་པ། (4) ཉེ་ཉོན་ཉི་ཤུའི་བཞི་པ་ནི། ཁོང་ཁྲོའི་ཆར་གཏོགས་གང་ཞིག ཁྲོ་བ་དང་འཁོན་འཇིན་སྔོན་དུ་སོང་
བས་གཞན་གྱིས་ཉེས་པ་གླེང་ས་པ་ན་ཞེ་འགྲས་པར་
གྱུར་ནས། ཚིག་ཅུབ་ཀུན་ནས་སློང་བའི་རབ་ཏུ་ཕྱེ་བའི་
རིག་པའོ།
བྱེད་ལས་ནི། ཚིག་ཅུབ་དང་བསོད་ནམས་མ་ཡིན་པའི་ལས་གསོག་པ་དང་དངོས་བརྒྱུད་ཀྱིས་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*