www.dharmabook.ru tibetan OCR


593
སྟེགས་པ་རྣམས་ཁྲུས་བྱེད་པ་ཡོད་པས་དེ་ཉིད་ཨིན་པར་བཞེད་ལ། (8) འགའ་ཞིག་རྒྱ་གར་དང་ཁ་ཆེའི་
བར་
རྡོ་རྗེ་གདན་གྱི་ནུབ་བྱང་རྡོ་ལ་མི་འབར་བའི་གནས་ལ་བཞེད།
ཛྷ་ན། ལེགས་སྦྱར (4) ཡེ་ཤེས། ངེས་ཚིག་ནི། རྟོགས་མེད་པ་སྟེ། ཛྙཱ་ནི་རྟོགས་པ་ད་ང་། ན་ནི་དགག་ཚིག་ཡིན་
པས།
སྣང་བ་གསུམ་གྱི་རྟོགས་པ་མེད་པ་འོད་གསལ་གྱི་ཡེ་ཤེས ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ། (2)
ཤེས་པ། སེམས། ཛྙཱ་ན་ཞེས་པ་ཤེས་པ་ལའང་འཇུག་པར་མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་ན་
གསལ།
ཛམ་བྷ་ལ། རྨུགས་འཛིན་ཏེ་ནོར་ལྷ་ཞིག། ཛམ་བྷ་ལའི་རིགས་ནི། གསང་འདུས་ཛམ་བྷ་ལ། ཛམ་སེར། ཛམ་བྷ་
ལ་
ནག་པོ། ཛམ་ད་མར་གྲྭ་པ་མངོན་ཤེས་ཅ་ན་གྱི་ལུགས། ཛམ་དམར་སྲོག་སྒྲུབ་ལུགས། ཇོ་ལུགས་ཛམ་
དཀར་འབྲུག་ཞོན།
ཛམ་བྷ་ལ་སྙན་གྲགས། འཁོར་རྟ་བདག་བརྒྱད་ནི། ཛམ་བྷ་ལ། གང་བ་བཟང་པོ། ནོར་
བུ་བཟང་།
ཀུ་བཻ་ར། ཡང་དག་ཤས། འབྲོག་གནས། ལྔ་རྩེན་སེར་སྐྱ། པི་ཙི་ཀུན་དྲ་ལིའམ་འཛམ་བུ་
འཁྱིལ་
བ་དང་བརྒྱད་དོ། མིང་གི་རྣམ་གྲངས་ལ། སྔོན་གྱི་གནོད་སྦྱིན་དང་། ཆུ་ཡི་ད་བང་པོ། ཆུ་ལ་གནས།
ཆུའི་ཐུབ་པ། ནོར་གྱི་ད་བང་ཕྱུག་བཅ་ས་སོ།
ཛི་ན་ཛིཀ། ལེགས་སྦྱར རྒྱལ་བ་རྒྱལ་ཏེ། རྣམ་སྣང་། སྒྲ་བཤད་ནི། རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོ་
དཀར་པོ
ས་བདུད་བཞི་ལས་རྒྱལ་བས་ན་རྒྱལ་བ་རྒྱལ་ཏེ། དྲང་དོན་ནོ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་
བདུད་
བཞི་ཟིལ་གྱིས་གནོན་པས་ན་རྒྱལ་བ་རྒྱལ་ཏེ། ངེས་དོན་ནོ། འགྲེལ་པ་བཞི་སྦྲགས་ན་གསལ།
ཛོ་གི། ཡོ་གི་སྟེ་རྣལ་འབྱོར་པའི་མིང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་ལས། ཛ་དང་
ཡ་
གཉིས་རྒྱ་སྐད་ལ་སྒྲ་ཤིན་ཏུ་འདྲ་བས། ཡ་མ་རི་ལ་ཛ་མ་རི་དང་། ཡོ་གི་ལ་ཛོ་གི་སོགས་སུ་འབོད་པ་ལྟ་
བུ་ཡིན།
ཞེས་གསུངས།
ཛོ་ཀི། ཛོ་གི་དང་འ དཔེ་མང་པོར་ཛོ་ཀི་ཞེས་ས་སྣང་།
མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། པ་ཚབ་ཀྱི་འགྱུར།
མཛད་བཅུ་ཐབས་མཁས་ཐུགས་རྗེ་མ། ཀླུ་སྒྲུབ་ཀྱི་གསུང་ཡིན་ཟེར་ཡང་ཕལ་ཆེར་གྱིས་འབྲི་གུང་འཇིག་རྟེན་
གསུམ་མགོན་གྱི་ཡིན་པར་བྱེད་
ཅེས་ཀློང་རྡོལ་བླ་མ་གསུང་།
མཛའ་ན་མོ། དགའ་རོགས། མཐུན་ཞིང་ཡིད་གཅུགས་པའི་གྲོགས་མོ།
མཛུབ་མོ་ལྔ། སོར་མོ་ལྔ་དང་དོན་གཅིག། སོར་མོ་ལྔ་ལ་གཟིགས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*