www.dharmabook.ru tibetan OCR


601
ཞ་སེར་ཅོད་པན་འཆང་བའི་རིང་ལུགས། དགོ་ལུགས་པའི་གྲུབ་མཐའ། སྒྲ་བཤད་ནི། བླ་ཆེན་དགོངས་པ་རབ་
གསལ་གྱིས་
ཀླུ་མེས་དབུས་སུ་འབྱོན་ཁར་ད་བུ་ཞ་སེར་པོ་བཞེས་འཕྲོ་ཞིག་གནང་ནས་འདི་གྱོན་ལ། ང་རྗེས་
སུ་དྲན་པར་གྱིས་
ཞེས་གསུང་ས་པར་བརྟེན་སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱིས་དབུ་ཞྭ་སེར་པོ་
མནབས་པ་ཡིན་པས། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་ཀྱང་འདུལ་བའི་བསྟན་པ་ཉམས་པ་གཞི་ནས་གསོ་བའི་
རྟེན་འབྲེལ་དུ་
དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་རྣམས་དང་མཐུན་པའི་སེར་པོ་མཛད་པར་བརྟེན།
རྗེའི་རིང་ལུགས་ལ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཞེས་ཀྱང་གྲགསས།
ཞག་ལོན། ཆ་ལ་བརྟེན་པའི་ཉེས་བྱས་བརྒྱད་ཀྱི་གསུམ་པ་ནི། རུང་ཁང་མ་ཨིན་པའི་མཆམས་དང་། དེའི་ཉེ་
འཁོར་དུ་དགེ་སློང་གི
ས་བཟའ་བཅ་འ་སོགས་སྨན་གྱི་རིགས་བཞི་བཞག་སྟེ་སྐྱ་རེང་ས་ཤར་བའི་ཆེ་ན་ཞག་
ལོན་གྱི་ཉེས་པ།
ཞང་ཆལ་པ། ཆལ་པ་བཀའ་བརྒྱུད་དང་འདྲ།
ཞབས་ཀྱི་པདྨོ། (1) ཞབས་པམོའི་གཟུགས་སུ་བཀོད་པའོ། (2) ཞབས་འོག་གི་པདྨོའི་གདན།
ཞལ་སྔུ། (4) སྤྱན་སྔ། སྐུ་དངོས་ཀྱི་དྲུང་། (2) བླ་མའི་མཆན་གྱི་མཐར་སྦྱར་རྒྱུའི་ཞེ་སའི་ཚིག་ཅིག། དཔེར་ན། བླ་
མའི་མཆན་
རིན་ཆེན་རྡོ་རྗེ་ཞེས་པ་ལྟ་བུ་ཡིན་ན། མཆན་གྱི་གོང་དུ་ཁྱད་པར་གྱི་ཚིག་རྗེ་བཅུན་དམ་པ་དང་།
མཐར་ཞལ་སྔ་ཞེས་པ་སྦྱར་བ། ད་པེར་ན། རྗེ་བཅུན་དམ་པ་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་ཞེས་པ་ལྟ་བུ།
རྗེའི་གསུང་ལྟར་།
ཞལ་ཏ། (4) ཁ་ཏ། བཀའ་སློབ། ལམ་སྟོན། སློབ་སྟོན། དཔེར་ན། རྒྱལ་བ་བསོད་ནམས་རྒྱ་མཚོ་དེར་ཕེབས་དུས་
ཞལ་
ཏ་མཛད་པ་བཞིན། གཙ་ང་ད་གོན་གྱི་གྲྭ་ཆང་བཅུགས། ཞེས་པ་ལྟ་བུ། (2) ལས།
ཞལ་ཏ་བ། དགེ་འདུན་གྱི་ལས་བྱེད།
ཞལ་ཏ་བྱེད་པ། ལས་ཀ་བྱེད་པ།
ཞལ་འཕང་ས། གཞན་དུ་ཡོད་ཚུལ་བཤད་པ། ཁ་འཕང་ས་པ། ཞལ་འཕང་ས་པ། ཞལ་འཕང་ས་མཛད་པ་རྣམས་
འདྲ།
ལ་མི་གཉིས་པ། གཉིས་སུ་མེད་པ། ངོ་བོ་དབྱེར་མ་མཆིས་པ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*