www.dharmabook.ru tibetan OCR


605
ཞིང་སྐྱེས། ཡུལ་ཉེར་བཞི་ན་བཞུགས་པའི་མཁའ་འགྲོ་མ་དང་དབེན་གསུམ་སྐྱུ་ལུས་ཅི་རིགས་ལ་དབང་བའི་གསང་
སྔགས་ཀྱི་ཕྱག་རྒྱ་
མའམ་རྣལ་འབྱོར་མ། དེའི་ཡོན་ཏན་ནི། མཛེས་ཤིང་ཡིད་དུ་འོང་བ། རོ་སྨད་རྒྱས་ཤིང་
འདོམ་སྟུག་པ། ནུ་འབུར་རྒྱས་ཤིང་ནུ་བར་དོག་པ། ལུས་ལས་དྲི་བཟང་པོ་འཕྲོ་བ། འཁྱུད་པ་དང་འོ་བྱེད་
པ་ལ་སོགས་པའི་སྐྱུ་
ཙལ་དྲུག་ཅུ་རྩ་བཞི་ལ་མཁས་པའི་བུད་མེད་དོ། འདོད་དོན་པྱུར་དུ་སྒྲུབ་པའི་མི་ལ་
པོ་
ཉའི་བང་ཆེན་ཞེས་པ་ལྟར། འདིས་ཀྱང་ལྷན་སྐྱེས་ཀྱི་བདེ་སྟོང་མུར་དུ་བསྐྱེད་པའི་ཕྱིར་པོ་ཉ་ཞེས་ཀྱང་
བྱའོ།
སྒྲ་བཤད་ནི། ཡུལ་ཉེར་བཞིའི་ཞིང་ལས་སྐྱེས་པའི་ད་པའ་མོའི་རིགས་ཡིན་པས་དེ་སྐད་ཅེས་བྱའོ།
ཞིང་སྐྱོང་བརྒྱད་། ཤིང་ཆེན་པོ་བརྒྱད་ཀྱི་རྩེ་མོར། ཤར་དུ་གླང་པོའི་གདོང་ཅ་ན་དཀར་པོ། ལྷོར་མ་ཧེའི་གདོང་ཅན་
སྔོན་པོ།
ནུབ་ཏུ་སྦྲུལ་གདོང་ཅ་ན་དཀར་པོ། བྱང་དུ་མི་གདོང་ཅ་ན་སེར་པོ། བྱང་ཤར་དུ་གླང་གདོང་ཅ་ན་
དཀར་པོ།
ཤར་ལྷོར་ར་སྐྱེས་གདོང་ཅ་ན་དམར་པོ། ལྷོ་ནུབ་ཏུ་རོ་ལང་ས་གདོང་ཅ་ན་སྔོན་པོ། ནུབ་བྱང་དུ་ཤ་
བའི་གདོང་ཅན་དུད་ཁ་སྟེ་བརྒྱད་དོ། དེ་ཐམས་ཅ་ད་ཀྱང་དྲག་ཅིང་གཏུམ་ལ་རྫུ་འཕྲུལ་ཆེ་བ། ཞལ་གཅིག་
ཕྱག་གཉིས་པ།
ཤིང་གསེབ་ནས་ལུས་ཕྱེད་ཕྱིར་འཐོན་པ། གཡས་ཐོད་པ་ཁྲག་གིས་གང་བ་འཛིན་ཅིང་།
གཡོན་ཐམས་ཅ་ད་གཏོར་མ་བཟུང་ནས་བྲེ་ལ་བའི་ཚུལ་དུ་གནས་པའོ།
ཞིང་བཅུ་ཚ་ང་པའི་དགྲ་བོ། བསྒྲལ་བའི་ཞིང་བཅུའོ། དེ་ནི་སངས་རྒྱས་བསྟན་པ་བཤིག་པ། དཀོན་མཆོག་དབུ་
འཕང་སྨད་པ།
དབེ་འདུན་དཀོར་འཕྲོག་པ། ཐེག་ཆེན་སྨོད་ཅིང་སུན་འབྱིན་པ། བླ་མའི་སྐུ་ལ་བསྡོ་བ། རྡོ་
རྗེ་སྤུན་
སུན་འབྱིན་པ། སྒྲུབ་ལ་བར་ཆད་བྱེད་པ། བརྩེ་བ་དང་སྙིང་རྗེ་གཏན་མེད་པ། དམ་ཚིག་སྡོམ་པ་
བྲལ་བ། ལས་འབྲས་ལ་ལོག་པར་ལྟ་བ། དེ་དག་ལ་བསྒྲལ་བའི་ཞིང་བཅུ་ཟེར། ཞེས་ཀློང་རྡོལ་བླ་མ་
གསུང་།
ཞུ་བ་གླུ་བསྐུལ། ལྷ་བསྐྱེད་ཚུལ་ཞིག་སྟ། གཙོ་བོ་འོད་གསལ་དུ་ཐིམ་པ། ལྷ་མོ་བཞིས་གླུས་བསྐུལ་ཏེ་བཞེང་ས་པ་ལ་
ཟེར།
གསང་འདུས་བདག་བསྐྱེད་ལས། ཡབ་ཡུམ་སྙོམ་པར་ཞུགས་པའི་རྐྱེན་གྱིས་ཡུམ་ཡུམ་ཡབ་ལ་ཐིམ།
ཞེས་པ་ནས། ནཱ་ད་ཡང་འོད་གསལ་དུ་ཐིམ་པར་གྱུར། དེ་ནས་ཆད་མེད་པ་བཞིའི་ངོ་བོར་གྱུར་པའི་ལྷ་མོ་
བཞིས་གཙོ་བོ་མ་མཐོང་
བས་གདུང་བའི་ཡིད་ཀྱིས་བལྷ་བར་འདོད་དེ་སྙན་པའི་གླུ་དབྱང་ས་ཀྱིས་བསྐུལ་བ་ནི།
ཞེས་སོགས་ལྟར་དང་། ཀློང་རྡོལ་བླ་མས། གཙོ་བོ་ཆོས་ཀྱི་དབྱིང་ས་སུ་བཞུད། ཆད་མེད་ལྷ་མོ་བཞི་ཡིས་
བསྐུལ། སླར་ཡང་ཆོས་ཀྱི་དབིུང་ས་ལས་ལྡང་། ཞུ་བ་གླུ་བསྐུལ་བྱེད་ཚུལ་ཡིན། ཞེས་གསུངས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*