www.dharmabook.ru tibetan OCR


610
མིང་གིས་བཏགས་པའོ། གཞན་དོན་རྗེས་དཔག། རྟགས་ཚིག་ཡང་དག སྒྲུབ་ང་ག་ཡང་དག་རྣམས་དོན་
གཅིག་མིང་
བི་རྣམ་གྲང་ས་ཡིན། སྡེ་བདུན་ཡིད་ཀྱི་མུན་སེལ་ལ་གཞི་བྱས།
གཞན་རིག རང་རིག་ལས་གཞན་པའི་། སྒྲ་བཤད་ནི། ནང་ཤེས་པ་ལས་གཞན་ཕྱི་རོལ་གྱི་གཟུགས་སོགས་ཀྱི་
ཆོས་རྣམས་
ཤེས་པས་དེ་སྐད་བྱ། འདི་ནི་རང་རིག་ཁས་ལེན་པའི་གྲུབ་མཐའི་ཐ་སྙད་ཅིག
གཞན་དྲིང་མི་འཇོག།་པ། གཞན་ལ་དྲི་མི་དགོས་པ་འམ། གཞན་ལ་རག་མ་ལས་པ།
གཞན་འདྲེན་ལྷག་བཅ་ས་ཀྱི་སྒྲ། བརྡ་སྤྲོད བསྟན་བྱའི་ལྷག་མ་ཙ་མ་ཞིག་སྟོན་གྱི། དེ་ལས་གཞན་སྔ་ཕྱི་མཆམས་
སྤྱོར་བ་དང་། ཕྱི་མས་སྔ་མར་གསལ་བཤད་བྱས་པ་སོགས་དོན་གཞན་གང་ཡང་མི་སྟོན་པའི་ལྷག་བཅུ་ས་ཀྱི་
སྒྲ
་ལ་ཟེར། དཔེར་ན། ཆུ་ཤིང་གི་བསྟན་ཆོས་ལས། ད་གེ་ད་ང་མི་ད་གོ་ཆུང་ངུ་རྣམས། བསགས་པས་ཤེས་
རྒྱུད་གང་འགྱུར་ཏེ། ཆར་གྱི་ཐིགས་པ་བསགས་པས་ཀྱང་། མཐའ་ཀླས་ཆུ་ཡི་དཀྱིལ་འཁོར་ཆགས།
ཞེས་པ་ལྟ་བུ།
གཞན་གནོད་གཞི་ད་ང་བཅས་པ། མི་དབེ་བ་བཅུ། སྒྲ་བཤད་ནི། གཞན་ལ་དངོས་སུ་གནོད་པ་ནི་སྲོག་གཅོད་
སོགས་ལུས་ངག་གི་མི་དགེ་བ་བདུན་པོ་རྣམས་ཡིན་ལ། དེ་རྣམས་ཀྱི་གཞིའམ་རྒྱུ་ནི་བསྣབ་སེམས་སོགས་
ཡིད་ཀྱི་མི་ད་པེ་བ་གསུམ་། བཅ་ས་པ་ནི་ཕན་ཚུན་སྡུད་པ་སྟེ་ཆ་ཆང་བའི་དོན་ནོ།
གཞན་འཕྲུལ་ད་བང་བྱད། འདོད་ལྷ་རིགས་དྲུག་གི་ནང་གསེས། གཞན་གྱིས་སྤྲུལ་པའི་ལོང་ས་སྤྱོད་ལ་དབང་བྱེད་
པས་གཞན་འཕྲུལ་དབང་བྱེད་
ཅེས་བྱ།
གཞན་འབྱོར་ལྔ། སང་ས་རྒྱས་བྱོན་དང་ད་མ་ཆོས་སྟོན། བསྟན་པ་གནས་དང་དེ་རྗེས་འཇུག གཞན་ཕྱིར་སྙིང་ནི་
བརྩེ་བའོ། ཞེས་གསུངས་པ་ལྟར། སང་ས་རྒྱས་འཇིག་རྟེན་དུ་བྱོན་པ། སངས་རྒྱས་སམ་དེའི་ཉན་ཐོས་
ཀྱིས་ཆོས་སྟོན་པ།
བསྟན་པ་གནས་པ། དེ་ལ་རྒྱུན་ལྡན་དུ་རྗེས་སུ་འཇུག་པ། མཐུན་རྐྱེན་སྦྱོར་བའི་སྦྱིན་
བདག་ཡོད་པ་ད་ང་ལྔའོ།
སྒྲ་བཤད་ནི། གཞན་རྒྱུད་ལ་ཡོད་ཅིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་
འབྱོར་།
གཞི་ཇི་བཞིན་པ།
སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་ནང་གསེས། རྩྭའམ་ལོ་མའི་སྟན་བཏིང་པ་ལས་གཞན་
འབོལ་སྟན་དང་རས་ལ་སོགས་པའི་སྟན་ལ་ཆགས་པ་སྤངས་པའི་ཕྱིར་གཞི་ཇི་བཞིན་པའོ། སྒྲ་བཤད་ནི།
རྩྭ་འམ་ལོ་མ་བཏིང་བའི་སྟེང་དུ་མལ་འཆའ་བར་བྱེད་ཅིང་། དེ་ཡང་ལན་ཅིག་ཇི་ལྟར་བཏིང་པ་དེ་ཁོ་ནའི་
སྟེང་དུ་མལ་འཆའ་བར་བྱེད་ཀྱི་ཡང་ཡང་མི་བརྗེ་བས་གཞི་ཇི་བཞིན་པ་ཞེས་བྱའོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*