www.dharmabook.ru tibetan OCR


བསམ་པས་ལུས་ཀྱི་གནོད་པའི་གཞི་ཡང་དག་པར་སྟོན་པ་ད་ང་། མངོན་པར་འདོད་པའི་དངོས་པོ་ཚིག་
གིས་མངགས་པ་དང་།
ཕྱི་རོལ་གྱི་རྒྱུ་མཆན་ལུང་སྟོན་པའོ། ཞེས་གསུངས་པ་ལྟར་རོ།
གཞོན་ནུའི་གྲོང་ཁྱེར། རྒྱ་མཚོའི་གླིང་ཕྲན་བུད་མེད་གཟུགས་བཟང་པོ་ཤ་སྟག་ཡོད་པའི་ཡུལ་ལ་བཞེད།
གཞོན་ནུ་ (4) བུད་མེད་གཞོན་ནུ་མ། (2) གཞོན་ནུ་གདོང་དྲུག་གི་ཆུང་མ།
གཞོན་ཤ་ཆགས་པ། ཤ་ཆགས་དམ་པ། གཞོན་ནུའི་ཉམས།
གཞོལ་བ། (1)ཞུགས་པ། འཇུག་པ། (2) འབད་པ། བརྩོན་པ། དཔེར་ན། དབུང་བཟང་གིས་ཞུས་པ། རྗེའི་ལམ་
རིམ་དུ་
དྲང་ས་པ་ལས། དེ་ནི་བློ་ལྡན་གཟུགས་བཟང་གཙང་སྦྲ་ཆེ། རིགས་ནི་བཅུ་ན་ཞིང་ཆོས་ལ་གཞོལ་བ་
དང་།
ཞེས་པ་ལྟ་བུ། (8) འབབ་པ།
བཞད། ལུས་དཀར་ཞིང་མཆུ་སེར་པའི་བྱ་ཞིག། པཎ་ཆེན་བློ་བཟང་ཆོས་རྒྱན་གསུང་།
བཞི་བརྒྱ་པ། སློབ་དཔོན་འཕགས་པ་ལྷས་མཛ་ད། པ་ཆབ་ཀྱི་འགྱུར།
བཞི་བརྒྱ་པའི་འགྲེལ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད། པ་ཆབ་ཀྱི་འགྱུར།
བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ། བཞི་པ་ནི་སད་མི་གཉིད་མཐུག་གསུམ་གྱི་བཞི་པ་ཡིན་པས།
ཁམས་ནོར་བུའི་རྩེ་ནས་འབབ་པའི་ཆེ་ལྷན་སྐྱེས་ཀྱི་བདེ་བ་དེ་ལ་བཞི་པའི་གནས་སྐབས་ཟེར། ལུས་ཀྱི་སྟོད་
རླུང་རགས་པ་ཐམས་ཅ་ད་ལྟེ་བར་གནས་ཚོ་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ། སྙིང་ཁར་གནས་ཆེ་
གཉིད་
མཐུག་གི་ཐིག་ལེ། མགྲིན་པར་གནས་ཚི་མི་ལམ་གྱི་ཐིག་ལེ། དཔྲལ་བར་གནས་ཆེ་སད་པའི་ཐིག་ལེ།
སྨད་རླུང་རགས་པ་རྣམས་ལྟེ་བར་གནས་ཚི་སད་པའི་ཐིག་ལེ། གསང་གནས་ཀྱི་རྩ་བར་སླེབས་པའི་ཆེ་རྨི་
ལམ་
གྱི་ཐིག་ལ། ནོར་བུའི་དབུས་སུ་སླེབས་ཚོ་གཉིད་མཐུག་གི་ཐིག་ལེ། ལུས་ཀྱི་རླུང་དང་ཁམས་མཉམ་དུ་
གསང་གནས་ཀྱི་
ནོར་བུའི་རྩེར་སླེབས་པ་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་ཡོད་གསུང་ས་སོ།
བཞིན། (1) ཞལ་རས། གདོང་། (2) ནང་བཞིན། འདྲ་བ།
བཞིན་བཟང་། (1) ཞལ་རས་མཇེས་པོ། བཞིན་བཟང་ཞེས་བྱ་བ་ནི་བཞིན་རབ་ཏུ་དང་བའོ། རྗེའི་འགྲེལ་པ་བཞི་
སྦྲགས་
ན་གསལ། (2) འབོད་ཚིག་ཅིག་སྟེ། སྙན་པའི་ཚིག་པིས་འབོད་པ།
བཞིན་བཟང་ས། བཞིན་བཟང་དང་འདྲ། ས་མཐའ་ཅ་ན་འདི་འདུལ་བ་ལུང་སོགས་ཡིག་རིགས་རྙིང་པ་རྣམས་སུ་
མང་པོ་སྣང་།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*