www.dharmabook.ru tibetan OCR


623
གཟུང་རྣམ་ལྷར་ཤར་བ། ཤེས་པའི་སྣང་ཡུལ་ལྷར་ཤར་བ་ལ་ཟེར། ཤེས་པའི་སྣང་ཡུལ་ཤེས་པ་ཡིན་པས་ཤེས་
པ་
ཉིད་ལྷར་ཤར་བ་ལ། གཟུང་རྣམ་ལྷར་ཤར་བ་ཟེར་བ་ཡིན་ཞེས་མཁས་པ་རྣམས་གསུང་།
གཟུང་འཇིན་གྲངས་མཉམ་པ། (4) རྣམ་ཤེས་གྲངས་མཉམ་པ་སྟེ། རྣམ་པ་དུ་མ་ཤར་བ་ན་ཤེས་པ་ཡང་དུ་མ་
ཁས་ལེན་པ
འི་སེམས་ཙམ་རྣམ་བདེན་པའོ། (2) དེ་ལྟར་ཁས་ལེན་པའི་མདོ་སྡེ་པ་རྣམས།
གཟུང་ས། ངདྷཱ་རི་ཆི» དྷཱ་རི་ཆི་ཞེས་བྱ་བ་འཛིན་པའི་དོན་ཡིན་པས། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་གསུང་རབ་
ཀྱི་ཚིག་དོན་
བསྐལ་པའི་བར་དུ་ཡང་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ལ་ཟེར། གཟུངས་ཀྱི་སྐོར་འགའ་
ཞིག་འོག་ཏུ་
གཟུངས་དང་སྤོབས་པ་ཞེས་པའི་ཐད་དུ་གཟིགས འདི་ཡོང་ས་གྲགས་ཀྱི་གཟུང་ས་ཀྱི་གོ་དོན་ཡིན། སྤྱིར་
བཏང་གཞུང་ཆེན་
མོའི་ནང་། གཟུང་ས་ཀྱི་ངོ་བོ་ནི། ཞི་གནས་དང་མཚུང་ས་ལྡན་གྱི་དྲན་པ་དང་ཤེས་རབ་
ལ་
བཤད་ཡོད་ཅིང་། དེ་ལ་དབྱེ་ན། བཟོད་པའི་གཟུངས། སྟོང་ཉིད་ལ་མི་སྐྲག་པའི་ཏིང་ངེ་འཛིན་དང་ཤེས་རབ།
སྦྱོར་ལམ་བཟོད་པ་ནས་ཐོབ་པར་བཤད གསང་སྔགས་ཀྱི་གཟུང་ས། སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་ཐོབ་པའི་
སྟོབས་ཀྱི
ས་གཞན་ཕྱི་ནང་གི་གནོད་པ་ལས་ཀྱོབ་པར་ནུས་པའི་གསང་སྔགས་ཀྱི་གཟུངས། སྦྱོར་ལམ་བཟོད་པ་དང་། ལྷག་པར་
མཐོང་
ལམ་ནས་ཐོབ་པར་བཤད ཚིག་གི་གཟུང་ས། ཏིང་ངེ་འཛན་གྱི་སྟོབས་ཀྱིས་ཆོསགསུང་རབ་ཀྱི་ཚིག་བསྐལ་པའི་
བར་དུ་
ཡང་མི་བརྔེད་པར་འརྔིན་ནུས་པའི་དྲན་པ་ལ་ཟིར དོན་གྱི་གཟུང་ས། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཚོས་གསུང་
རབ་
ཀྱི་དོན་བསྐལ་པའི་བར་དུ་ཡང་མི་བཇེད་པར་འཛིན་ནུས་པའི་དྲན་པ་ལ་ཟེར གཟུང་ས་ནི་གཟུང་བ་དང་འཛིན་པའི་
དོན་དང་།
གཟུང་ས་ཞེས་ས་མཐའི་ཡང་འཇུག་ཡོད་པ་ནི། གཟུང་ཞེས་པའི་བྱ་ཚིག་དང་ནོར་བ་སྤང་བར་
བྱ་བའི་ཕྱིར་ར་རམ།
ཡང་ན་བད་གསར་རྙིང་གི་ཁྱད་པར་ཡིན་ནམ་སྙམ་སྟེ། དཔེར་ན་འདུལ་བ་ལུང་སོགས་
བཀའ་བསྟན་མང་པོ
སྟོད་རིང་ལ་སྟོད་རིང་སདང་། བཞྭིན་བཟང་ལབཞིན་བཟང་ས། ལག་
གཟུང་ལ་
ལག་གཟུང་ས ཆང་གཟུང་ལ་ཆང་གཟུང་ས ཞེས་ས་མཐའ་ཅ་ན་མང་དུ་སྣང་ང་ངོ་།
གཟུངས་རྒྱལ་ནས་གསུང་ས་པའི་འཁོར་ལོ་གསུམ། ནོར་བུ་མཁན་མཁས་པའི་ནོར་བུ་སྦྱོང་བའི་ཚུལ་དང་
མཐུན་པར་གདུལ་
བྱ་རྒྱུད་གཅིག་ཉིད་ལ་འཁོར་ལོ་དང་པོས། དང་པོར་བདེན་བཞིའི་གནས་ཚུལ་བསྟན་
འི་སྒོ་ནས་གདུལ་བྱ་རྣམས་འཁོར་བ་ལ་སྐྱོ་བ་བསྐྱེད་དེ། བསླབ་པ་རིན་པོ་ཆེན་རྣམ་པ་གསུམ་ཉམས་སུ་
ལེན་པ་ལ་
འཇུད་པར་མཛད། འཁོར་ལོ་བར་པས། ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་རྟོགས་པ་ལ་
འཛུད་པར་མཛད།
འཁོར་ལོ་ཐ་མས། ཐབས་ཀྱི་ཆ་རྒྱ་ཆེན་པོས་ཟིན་པའི་སྟོང་ཉིད་རྟོགས་པའི་ལམ་ལ་
འཛུད་པར་མཛད།
ཞུགས་པར་གྱུར་ནས་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་པ་ན་བླ་ན་མེད་པའི་ཡོན་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*