www.dharmabook.ru tibetan OCR


626
བཟའ་བ་དང་བཅའ་བ། བཟའ་བཅ་འ་དང་དོན་གཅིག བཟའ་བཅའ་ལ་གཟིགས།
བཟེ་ར། བཟོད་བསྲན་ཆུང་བའམ། གནོད་པ་ཆུང་ངུ་ཡང་བཟོད་མི་ཐུབ་པ། སྤྱོད་འཇུག་ལས། བཟེ་རེ་ཅ་ན་ལ་
གནོད་མང་ཞིང་།
ཞེས་གསུང་ས་པ་ལྟར་རོ།
བཟོད་བརྟུལ། བཟོད་པའི་བརྟུལ་ཞུགས་སམ་གོ་ཆ།
བཟོད་ན། (1) སྡུག་བསྔལ་དང་དུ་བླང་ནུས་ན། (2) འདོད་ན། དཔེར་ན་དགེ་འདུན་གྱིས་གནང་ཞིང་བཟོད་ན་ཞེས་
པ་ལྷ་བུ།
བཟོད་པ། (4)ཇི་མི་སྙམ་པ། (2)ད་ང་དུ་ལེན་པ། (8)མི་སྐྲག་པ།
བཟོད་པ་རྣམ་པ་གསུམ། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་
ངེས་སེམས་ཀྱི་བཟོད་པ་དང་གསུམ།

བཟླས་པ། (4) ཡང་ཡང་འདོན་པ། ད་པེར་ན། ང་ག་བཟླས་ལྟ་བུའོ། (2) ཡིད་ཀྱིས་འདོན་པ་ལྟར་པྱེད་དེ་བསྒོམ་པ།
དཔེར་ན། སྔགས་ང་ག་ཏུ་མི་བརྗོད་པར་ཡིད་ཀྱིས་བཟླས་པ་ཡིད་བཟླས་ལྟ་བུའོ། དབྱེ་ན། དམ་ཚིག་གི་
བཟླས་པ
འམ་སྤྲོ་བསྡུའི་བཟླས་པ་ནི། ཐུགས་གའི་ས་བོན་ལས་རླུང་འབྱུང་བ་ན་ལྷ་རྣམས་སྤྲོས་འགྲོ་དོན་
བྱས་ནས།
རླུང་འཇུག་པ་ན་སླར་ས་བོན་ལ་བསྡུ་ཞིང་དེའང་སྔགས་མགོ་བརྗོད་པ་ན་སྤྲོ་བ་དང་བརྗོད་པ་
རྫོགས་པ་
ན་བསྡུ་བའོ། ཁྱོགས་ཀྱི་བཟླས་པའམ་དོ་ལིའི་བཟླས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་
མོས་
པར་སྔགས་ཕྲེང་རང་གི་ཞལ་དུ་ཞུགས་པ་རྡོ་རྗེ་ནས་ཡུམ་གྱི་པདར་སོང་ཞིང་དྷཱུ་ཏི་ལས་ཞལ་ནས་བྱུང་
བ་
རང་གི་ཞལ་དུ་ཞུགས་ཤིང་འཁོར་བར་བསམ་པའོ། དྲག་པོའི་བཟླས་པའམ་ཁྲོས་པའི་བཟླས་པ་ནི།
སྔགས་ཕྲེང་རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ཏེ་པད་ནས་རྡོ་རྗེར་བྱུང་ཞིང་འཁོར་བར་བསམ་པའོ།
ཁྲོ་བོའི་བཟླས་པ་ནི། སྔགས་རྣམས་དྲག་ཏུ་བརྗོད་པ་གསང་འདུས་ལས་གསུངས་སོ། གོང་བུའི་བཟླས་པ་
ནི།
ཐགས་ཀའི་ས་བོན་ལ་བཟླ་རྒྱུའི་སྔགས་མགོ་གྱེན་བསྟན་ཟླུམ་པོར་བསྐོར་བར་དམིགས་ལ། དེ་སེམས་
ཀྱིས་
དྲི་བའམ་བཀླག་པ་ལྟར་བ་ཟླ་བ་དང་། རྡོར་བཟླས་ནི། རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་ཏེ་
རླུང་བསྡམས་ནས་ཡིད་ཀྱིས་བཟླ་བ་འགོག་བཟླས་དང་། བཟླ་བའོ། སྔགས་ངག་ཏུ་མི་བརྗོད་པར་ཡིད་
ཀྱིས་བཟླ
ས་པ་ཡིད་བཟླས་དང་། ལྕེ་མཆུ་གཡོ་ཙམ་དུ་བཟླ་བ་ཤུབ་བུའི་བཟླ་བ་དང་། ཡི་གེ་རིང་ཐུང་བྱེད་
པར་སྐད་གསང་ཆེན་པོས་བཟླ་བ་རིག་བྱེད་འདོན་པ་ལྷ་བུའི་བཟླས་པ་རྣམས་སོ། བརྟག་གཉིས་ཀྱི་སྤྱི་དོན་
ལས་གསུང་ས་པ་ལྟར་བཀོད།
རྗ

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*