www.dharmabook.ru tibetan OCR


6 36
ཡིད་སྲུབས། (4) བདུད། (2) འདོད་པ། བསྟན་དར་ལྷ་ར་མས་པ་གསུང་།
ཡིན་ལ་མ་ཡིན། ཡིན་མིན་ངེས་དཀའ་བའམ་ཐེ་ཚོམ་གྱི་གཞིའི་དོན།
ཡིན་ལ་མིན་ལ། ཡིན་ལ་མ་ཡིན་དང་དོན་འདྲ།
ཡིན་ལུགས། སྟོང་ཉིད།
ཡིན་ལུགས་ལ་ཕུ་ཐག་ཆོད་པ། དེ་ཁོ་ན་ཉིད་ཀྱི་དོན་འཚོལ་བའི་ཆེ་དགག་བྱའི་བདག་དེ་མཐའ་ཐམས་ཅ་ད་ནས་
འཚོལ་ལུགས་མ་
ཆང་བ་མེད་པའི་རིགས་པས་བཙ་ལ་བ་ན་མེད་པར་ཐག་ཆོད་པའི་ཆེ་ཡིན་ལུགས་ལ་ཕུ་
ཐག་ཆོད་པའོ།
་ཐི་ཀཱ། ལེགས་སྦྱར མེ་ཏོག་ཀུནྟའི་བྱེ་བྲག་ཅིག ཀུནྟ་ལ་གཟིགས།
ཡུད་ཙམ། ཉིན་ཞག་གཅིག་ཆ་སུམ་ཅུར་ཕྱེ་བའི་ཆ་གཅིག་ལ་ཟེར། དེང་དུས་ཀྱི་ཆུ་ཚོད་ལ་སྦྱར་ན། སྐར་མ་བཞི་
བཅུ་ཞེ་བརྒྱད་ཡོད།
ཡུམ་སྒུ་མ་ལྷ་མཇེས། བདག་ཅ་ག་གི་སྟོན་པའི་མ་ཡུམ། སྒྲ་བཤད་ནི། སྒུ་མ་མཁན་གྱིས་ཆེད་དུ་གཉེར་ནས་སྤྲུལ་
པའི་བུད་མེད་
དམ་ལྷ་མོ་དང་མཛེས་སྡུག་མཚུང་ས་པས་སྒུ་མ་ལྷ་མཛེས་སམ་ལྷ་མོ་སྒུ་འཕྲུལ་ཆེན་མོ་ཞེས་
བྱའོ།
པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ལང་ཚོ་པདྨོ་གསལ་བ་འདི། དཔེ་ཟླ་སྤངས་ཤིང་སྒུ་མ་ཡིས།
ཆེད་དུ་ལྷག་པར་སྤྲུལ་པ་བཞིན། དེ་ཕྱིར་སྒུ་མ་ལྷ་མཛེས་སམ། ལྷ་མོ་སྒུ་འཕྲུལ་ཆེན་མོ་ཞས། ཕྱོགས་ཀུན་
སྒྲ་འཛིན་རྒྱན་དུ་བྱས།
ཞེས་གསུངས་པ་ལྟར་རོ།
ཡུལ་གྱི་འོད་གསལ། བཀའ་བརྒྱུད གཞི་ཆོས་ཉིད་རྟག་ཆད་སོགས་ཀྱི་མཐའ་དང་བྲལ་བའོ།
ཡུལ་ངེས་ལྔ། འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་དང་ལྔའོ། སྒྲ་བཤད་ནི། ཡུལ་ཆད་མས་
ངེས་པ
འང་འདི་ལ་ཚང་མོད་ཀྱི། འོན་ཀྱང་དེ་ཙམ་ཞིག་འདིའི་ངེས་པའི་དོན་མིན་ན་ནོ། འོ་ན་གང་ཞེ་ན། དེ་
ནི་ཡུལ་སོ་སོར་ངེས་པ་སྟེ་ཡུལ་གཏན་འཁེལ་བའི་དོན་ཡིན། དཔེར་ན། འདུན་པའི་ཡུལ་ལ་འདོད་པའམ་
བསམ་པའི་དངོས་པོ་ཡིན་དགོས་པ་དང་། མོས་པའི་ཡུལ་ལ་ཚད་མས་ངེས་ཟིན་གྱི་ཡུལ་ཡིན་དགོས་པ་
དང་།
དྲན་པའི་ཡུལ་ལ་འདྲིས་པའི་དངོས་པོ་ཡིན་དགོས་པ་དང་། ཏིང་ངེ་འཇིན་གྱི་ཡུལ་ལ་བརྟགས་ཟིན་
པའི་དངོས་པོ་
ཡིན་ད་གོས་པ་དང་། ཤེས་རབ་ཀྱི་ཡུལ་ལ་བརྟག་བྱའི་དངོས་པོ་ཡིན་དགོས་པ་ལྟ་བུ་ལ་ཟེར།
ཡུལ་ཅན་གྱི་འོད་གསལ། དགེ་ལུགས སྟོང་ཉིད་རྟོགས་པའི་བློ། བཀའ་བརྒྱུད གཞི་ཆོས་ཉིད་རྟག་ཆད་སོགས་
ཀྱི་མཐའ་དང་བྲལ་
བ་དེ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ། ཤེས་བྱ་མཛོད་འགྲེལ་གསུང་།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*