www.dharmabook.ru tibetan OCR


ཡུལ་ཆོས། ཡུལ་གྱི་ལུགས་སྲོལ། དཔེར་ན། འདུལ་བ་ཡུལ་ཆོས་དང་བསྟུན། ཞེས་པ་ལྟ་བུ།
ཡུལ་དབུས། (4) སང་ས་རྒྱས་ཀྱི་འཁོར་རྣམ་བཞི་རྒྱུ་བའི་ཡུལ། (2) རྒྱ་གར་རྡོ་རྗེ་གདན་དབུས་སུ་བྱས་ཏེ། ཤར་དུ་
ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ལི་ཁ་རའི་ཆང་ཚིང་
ཅ་ན་ཞེས་བྱ་བ་དང་། ལྷོར་གྲོང་ཁྱེར་འད་བ་བུ་
ཅ་ན་གྱི་ལྷོ་ན་ཆུ་ཀླུང་འདམ་བུ་ཅ་ན་ཞེས་བྱ་བ་ད་ང་། ནུབ་ཏུ་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཅེས་བྱ་བ་
གཉིས་དང་།
བྱང་དུ་ཨུ་ཤི་རའི་རི་ཞེས་བྱ་བའི་ཡུལ་དེ་དག་ཚུན་ཆད་ཀྱི་ཡུལ་ལོ། དབེ་ལེགས་བཤེས་
གཉེན་
སོགས་མང་པོ་གསུང་།
ཡེ་རྒྱ། ཡིད་ཀྱི་བསྒོམ་པའི་ཕྱག་རྒྱ་མ། སྒྲ་བཤད་ནི། རང་གི་ཡེ་ཤེས་ཀྱི་སྣང་ཆ་ལས་གྲུབ་པའི་ཕྱག་རྒྱ་མ་ཡིན་པས་
དེ་སྐད་ཅེས་བྱའོ།
ཡེ་ཤེས། ངཇུ་ན»(1) དགེ་ལུགས འཕགས་པའི་མཁྱེན་པ་དང་། ལམ་སྤྱིའི་མིང་། སྒྲ་བཤད་ནི། ཡེ་ནི་ཐོག་
འམ་གདོད་མ། ཤེས་ནི་ཤེས་པ་སྟ གདོད་མའི་ཤེས་པ་ཞེས་བྱ། དབེ་ལྡན་པའི་ལུགས་ལ་གདོད་མའི་
ཤེས་པ་ཞེས་
པ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ངོས་བཟུང་ན་ལས་གཞན་མཆན་གཞི་རྙེད་དཀའོ།
སྤྱིར་བཏང་། ཡེ་ཤེས་དང་། ཕྱག་རྒྱ་དང་། གོ་རིམ་ལ་སོགས་པ་ལ་རྒྱ་གར་ན་ཡེ་དང་། ཕྱག་དང་། གོ་ལ་
སོགས་པའི་སྒྲ་མེད་ཀྱང་།
བོད་ལ་ཚིག་སྦྱར་བ་བདེ་བའི་དོན་དུ་བསྣན་ནས་བསྒུར་བ། མཁས་འཇུག་ཏུ་
གསུང་ས་ཞེས་
རྗེ་གུང་ཐང་པ་གསུང་ངོ་། ས་པཎ་གྱི་སྡོམ་གསུམ་རབ་ད་པྱེ་ལས་ཀྱང་། ཡེ་ཤེས་ཀྱི་ནི་བཤད་
པ་ལ།
གདོད་མའི་ཤེས་པར་འཆད་པ་དང་། ཞེས་ཚིག་ལ་འཁྲུལ་བའི་གྲང་ས་སུ་གསུང་ས་ནས་དགག་པ་
མཛད་
པར་གསུངས་སོ། ཡེ་ཤེས་ཀྱི་སྐད་དོད་ཇུ་ནའི་ངེས་ཚིག་ནི། སྒྲོན་གསལ་ལས། ཇུ་ནི་རྟོག་པའོ།
ན་ནི་དགག་པ་ལ་འཇུག་སྟེ། གང་ལ་རྟོག་པ་མེད་པ་དེ་ནི་ཡེ་ཤེས་སོ། ཞེས་རྟོག་བྲལ་ལ་ཡེ་ཤེས་ཞེས་
བཤད།
རྗེའི་སྒྲོན་གསལ་གྱི་མཆན་བུར། ཇུ་ནི་རྟོག་པ་སྟེ་སྣང་བ་གསུམ་གྱི་ཡེ་ཤེས་ས་སོ། ན་ནི་དགག་པ་ལ་
འཇུག་སྟ
འོད་གསལ་གང་ལ་སྣང་བ་གསུམ་གྱི་རྟོག་པ་མེད་པ་སྟེ་དག་པ་དེ་ནི་ཡེ་ཤེས་སོ། ཞེས་འོད་
གསལ་གྱི་སེམས་
ལ་རྟོག་པ་དག་པའམ་རྟོག་བྲལ་དུ་བཤད་ད་དོ། (2) བཀའ་བརྒྱུད སེམས་ཅ་ན་ཐམས་ཅ་ད་
ཀྱི་རྒྱུད་ལ་རང་ཆས་
སམ་རང་བཞིན་གྱིས་གནས་པའི་སྟོང་གསལ་གྱི་རིག་པ། སྒྲ་བཤད་ནི། ཡེ་གདོད་མ་
ནས་སེམས་ཅ་ན་
གྱི་རྒྱུད་ལ་རང་ཆས་སུ་གནས་པའི་ཤེས་པ་ཡིན་པས་དེ་སྐད་ཅེས་བྱའོ།
ཡེ་ཤེས་ཀྱི་རླུང་། སྙིང་ཁའི་ད་བུ་མའི་ནང་ན་རྣམ་ཤེས་ད་ང་ལྷན་ཅིག་སྐྱེས་པའི་རླུང་། དེ་ལ་མི་ཤིགས་པའི་ཐིག་
ལེ་ཞེས་ཀྱང་ཟེར་རོ། ཞེས་རྗེའི་གསུང་བདེ་མཆོག་གི་ཟིན་གྲིས་སུ་གསལ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*