www.dharmabook.ru tibetan OCR


640
ཡོད་མཐའ། ཡོད་མཐའ་དང་། རྟག་མཐའ་དང་། སྒྲོ་འདོགས་ཀྱི་མཐའ་རྣམས་དོན་གཅིག། མཐའ་དང་མཐར་
འཇིན་
གཉིས་ཀྱི་ཁྱད་པར་ནི། མཐའ་ལ་མེད་པ་དང་མཐར་འཇིན་ལ་ཡོད་པ་ཞིག་དགོས་སོ། བདེན་གྲུབ་
ཏུ་ཡོད་པ་དང་།
རང་བཞིན་གྱིས་ཡོད་པ་ལ་ཡོད་མཐའ་དང་རྟག་མཐའ་སོགས་ཀྱི་ཐ་སྙད་བཏགས་ས་སོ།
ཡོན་ཆབ་བདུན་ཚར། ཡོན་ཆབ་ལ་བདུན་ཚར་རམ་བདུན་ཚན་དུ་བྱེད་པའི་རྒྱུ་མཚན་ནི། ཆུ་གཉིས་དང་། ཉེར་
སྤྱོད་ལྔ་སྟེ་
བདུན་མཚོན་བྱེད་ཡི་ན། ཆུ་གཉིས་ནི། མཆོད་ཡོན་དང་། ཞབས་བསིལ་ལོ། ཉེར་སྤྱོད་ལྔ་ནི།
མེ་ཏོག། བདུག་སྤོས། མར་མེ། དྲི་ཆ ཞལ་ཟས་དང་ལྔའོ།
ཡོན་ཏན། (4) ཤེས་བྱ་བསླབས་ནས་ངེས་པའི་བློའམ་ནུས་པ། དཔེར་ན། ཡོན་ཏན་ཅན་ཞེས་པ་ལྟ་བུ། ༿ ཤེས་
བྱ།
དཔེར་ན། ཡོན་ཏན་བསླབ་ཅེས་པ་ལྟ་བུ། (2) ཁྱད་ཆོས། དཔེར་ན་སྒྲའི་ཁྱད་ཆོས་བྱས་མི་རྟག་སོགས་
ལ་སྒྲའི་ཡོན་ཏན་ཞེས་པ་ལྟ་བུ། དེ་ཡང་རྣམ་འགྲེལ་རྩ་བ་ལས། དེ་ཕྱིར་དངོས་པོ་མཐོང་བ་ཡིས། ཡོན་
ཏན་མཐའ་དག་མཐོང་བ་ཉིད།
ཅེས་དང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས་ཀྱང་། སྒྲ་འཛིན་
མངོན་སུམ་
ཆོས་ཅ་ན། སྒྲ་དང་གྲུབ་སྡེ་རྫས་གཅིག་པའི་ཡོན་ཏན་མཐའ་དག་མཐོང་བ་ཉིད་ཡིན་ཏེ། སྒྲ་ཡི་
དངོས་པོ་གཟུང་དོན་དུ་བྱས་ནས་མཐོང་བ་ཡིས་ས་སོ།
ཞེས་པ་ལྟ་བུ། (8) དོན། དཔེར་ན། འདོད་པའི་དོན་
ལྔ་ལ།
འདོད་པའི་ཡོན་ཏན་ལྔ་འམ། འདོད་ཡོན་ལྔ་ཞེས་པ་ལྟ་བུ། (1)གྲངས་གསུམ་གྱི་མིང་། རྡུལ་དང་།
མུན་པ། སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཡོད་པས་གྲང་ས་གསུམ་མཚོན་པར་ཚིག་མཛོད་རྣམས་སུ་གསལ།
ཡོན་ཏན་གྱི་སྒྲ། འདུལ་བའི་བརྡ་ཆད་ཅིག ཉེས་པ་མང་པོ། ཤཱཀྱ་འོད་གསུང་།
ཡོན་ཏ་ན་འོད། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ། དཔྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ནང་ཆན།
འདུལ་བ་རང་ལས་མཁས་པ་བྲམ་ཟེའི་སློབ་དཔོན་ཡོན་ཏན་འོད་ནི། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་
ཕ་རོལ་
ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་ད་བང་པོ་རྒྱས་
པ།
དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོ་སྒྲུབ་པ། ཞེས་འབྱུང་བའི་ཡོན་ཏན་དང་ལྡན་པ་
དེས།
འདུལ་བ་མདོ་རྩ་བ་དང་། ལས་བརྒྱ་རྩ་གཅིག་དང་། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ།
འདུལ་བའི་མདོ་ལ་རང་འགྲེལ་ལ་སོགས་པ་མཛད་ད་དོ།
ཡོན་གནས། ཡོན་ཏན་དང་ལྡན་པ། མཆོད་ཡུལ།
གཡག་རྔ་བཞིན་བསྲུང་བ། ཚུལ་ཁྲིམས་ཇི་ལྟར་བསྲུང་ཚུལ་གྱི་དཔེ་ཞིག་སྟེ། ཇི་ལྟར་གང་ས་ཀྱི་གཡག་དེ་རང་གི་རྔ
མའི་ཉག་མ་
གཅིག་ཤིང་དག་ལ་ཐོགས་ན། དེ་བསྲུང་བའི་ཕྱིར་མ་ཤི་བར་དུ་དེར་སྡོད་པ་དེ་བཞིན་དུ། ཉེས་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*