www.dharmabook.ru tibetan OCR


644
རགས་པ་ཉི་ཤུ། རང་གི་ཕུང་པོ་ལྔ། ཁམས་བཞི། སྐྱེ་མཆེད་དྲུག ཡུལ་ལྔ་སྟེ་ཉི་ཤུའོ། རགས་པ་ཉི་ཤུའི་ཐ་སྙད་
འདི་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ།
རགས་པ་ཉེར་ལྔ། རང་གི་ཕུང་པོ་ལྔ། ཁམས་བཞི། སྐྱེ་མཆེད་དྲུག ཡུལ་ལྔ། གཞི་དུས་ཀྱི་ཡེ་ཤེས་ལྔ་སྟེ་ཉེར་
ལྔའོ།
རགས་པ་ཉེར་ལྔའི་ཐ་སྙད་འདི་རྗེའི་རིམ་ལྔ་གདན་རྫོགས་ན་གསལ།
རགས་པ་དྲ་ན་པ་གཅིག་པའི་རྣལ་འབྱོར། བསྐྱེད་རིམ་རགས་པ་དང་དོན་གཅིག དེ་ལ་དྲན་པ་གཅིག་པའི་རྣལ་
འབྱོར་
ཡང་ཟེར། དྲན་པ་གཅིག་ཅེས་པ་ལྷ་དྲན་ཐེབས་གཅིག་གམ་ལྷ་གཅིག་ཙ་མ་དྲན་པ་ལ་མི་ཟེར་གྱི།
གཅིག་ཏུ་ལྷ་དྲན་པའམ་རང་དང་ལྷ་གཅིག་ཏུ་དྲ་ན་པ་ཡིན་ལ། དེ་ནི་སྤྱིར་ལྷ་ཕྲ་རགས་གཉིས་ཀ་སྒོམ་པ་ལ་
འཇུག་ཀྱང་།
འདིར་ནི་རྟེན་དང་བརྟེན་པ་རགས་པའི་ལྷའི་རྣལ་འབྱོར་ཡིན་ན་ནོ། ཞེས་རྗེའི་མཐའ་སྤྱོད་རིན་
པོ་ཆེའི་མུ་
བུ་ལས་གསུངས་པ་ལྟར་རོ།
རང་མཁས་ཀྱི་སློབ་མ་བཞི། སློབ་དཔོན་དབྱིན་གཉེན་གྱི་སློབ་མའི་གཙོ་བོ་བཞི་སྟེ། ཆད་མ་རང་ལས་མཁས་པ་
སློབ་ད་པོན་ཕྱོགས་ཀྱི་གླང་པོ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏ་ན་འོད། ཕར་ཕྱིན་རང་ལས་
མཁས་པ་
འཕགས་པ་རྣམ་གྲོལ་སྡ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ་རྣམས་སོ།
རང་གར་བཞག ༿ བཅོས་བསླད་མེད་པར་བཞག་པ། ༿ ཕྱག་ཆེན སེམས་ཀྱི་གནས་ལུགས་སམ་འདུག་
ལུགས་
ཅི་ཡོད་པ་དེ་ཀ་རང་ལུགས་སུ་ཅི་བདེར་བཞག་པ།
རང་གི་མཚན་ཉིད། ཆོས་རང་རང་གི་ཐུན་མོང་མ་ཡིན་པའི་མཆན་ཉིད་དམ་ངོ་བོ། དཔེར་ན། སྲ་ཞིང་འཐས་
པ་
ནི་ས་ཡི་ཐུན་མོང་མ་ཡིན་པའི་མཆན་ཉིད་ཡིན་པ་ལྟ་བུའོ།
རང་གིས་རང་རིག བཀའ་བརྒྱུད སེམས་ཀྱི་གནས་ལུགས་རིག་པ། རང་གིས་རང་རིག་པ། རང་རིག་པ། རང་
རིག
སེམས་མཐོང་བ་རྣམས་དོན་འདྲ། སྒྲ་བཤད་ནི། སེམས་རང་གིས་སེམས་ཀྱི་མཆང་རིག་པས་ན་དེ་
སྐད་ཅེས་བྱའོ།

རང་གྲགས་ཀྱི་གཏན་ཚིགས། གཞན་གྲགས་ཀྱི་གཏན་ཚིགས་དང་དོན་འདྲ། སྒྲ་བཤད་ནི། ཕ་རོལ་པོའི་ཁས་
བླངས་ལ་འཁྲིས་ནས་ཕ་རོལ་པོ་རང་ལ་གྲགས་པ
འི་གཏན་ཚིགས་འགོད་པས་དེ་ལྟར་དུ་བཏ་གས་ས་སོ། ལྕང་
སྐྱ་རོལ་པའི་རྡོ་རྗེ་
གསུང་། རྗེའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས། ཕྱི་རྒོལ་རང་ལ་གྲགས་པ་དང་། སྔ་རྒོལ་
དབུ་མ་པ་ལ་ལྟོས་ཏེ་གཞན་ལ་གྲགས་པ་གཉིས་གནད་གཅིག་ག་གོ།
ཞེས་གསུངས་པ་ལྟར་རོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*