www.dharmabook.ru tibetan OCR


645
རང་གྲོལ། ཕྱག་ཆེན (4) གཉེན་པོས་ཆེད་དུ་གཉེར་ནས་སྤངས་པ་མ་ཡིན་པར་རང་དག་དུ་སོང་བ། དཔེར་ན།
སྦྲུལ་ལ་མདུད་པ་བོར་ནས་བཞག་ན་རང་གྲོལ་དུ་འགྲོ་བ་ལྟ་བུ། (2) རང་བཞིན་གྱིས་གྲོལ་བ། གདོད་མ་
ནས་གྲོལ་བ
འམ་དག་པ། (8) སེམས་ཀྱི་ཆོས་ཉིད།
ར་ང་འགྱུར། (4) རང་གིས་བརྩམས་པའི་བསྟན་བཅོས་རང་གིས་བསྒུར་བ་ལ་ཟེར། (2) རང་སྐད་ནས་གཞན་སྐད་
དུ་བ
སྒུར་བ་ལའང་རང་འགྱུར་ཟེར།
ར་ང་འགྲེལ། རྩ་བ་རང་གིས་བརྩམས་ནས་དེའི་འགྲེལ་བཤད་ཀྱང་རང་གིས་བརྩམས་པའི་འགྲེལ་པ་ལ་ཟེར།
རང་རྦུད། རང་བཞིན། རང་དབང་། བད་ག་དབང་རྣམས་དོན་གཅིག་པར་འཆི་མེད་མཛོད་དུ་གསལ།
རང་རྦུད་པ། དབུ་མ་རང་རྒྱུད་པ་ད་ང་འདྲ་།
རང་སྟོང་། དབེ་ལྡན་པས་སྟོང་ཉིད་དང་དོན་གཅིག་ཏུ་བཞེད། སྒྲ་བཤད་ནི། སྟོང་གཞི་བུམ་པ་ལྟ་བུ་རང་གི་ངོ་བོས་
གྲུབ་པས་སྟོང་པ་
ལ་རང་སྟོང་ཟེར། དབུ་མ་ལ་འཇུག་པ་ལས། གང་ཕྱིར་དེ་ཡི་རང་བཞིན་དེ། ཡིན་ཕྱིར་
མིག་ནི་མིག་གིས་
སྟོང་། ཞེས་མིག་མིག་གིས་སྟོང་ཞེས་པ་དེ། དཔེར་ན་ཤིང་རྟ་ཤིང་རྟའི་སྟེང་དུ་བཙ་ལ་བ་
ན་དེའི་
ཚོགས་པ་དང་ཡ་གྱལ་གང་གིས་སྟེང་དུ་རྙེད་རྒྱུ་མེད་པ་ལྟ་བུ་ལ་ཟེར་གྱི། སྤྱིར་ཤིང་རྟ་ཤིང་རྟས་སྟོང་
པ་དང་མིག་མིག་གིས་སྟོང་ཟེར་རྒྱུ་ག་ལ་ཡིན། དབེ་ལྡན་པའི་མཁས་པ་འགའ་ཞིག་གིས་རང་སྟོང་གཞན་
སྟོང་གང་གི་ཡང་ཐ་སྙད་མི་
བྱེད་གསུང་།
རང་དོན་རྗེས་ད་པག རྗེས་དཔག་དང་དོན་གཅིག། སྒྲ་བཤད་ནི། རང་རྒྱུད་ལྡན་གྱི་གང་ཟག་གི་སྒྲོ་འདོགས་སེལ་
བའི་བྱ་བ་བྱེད་པའི་ཕྱིར།
རང་གི་དོན་ཞེས་བྱ་ལ། རྟགས་མཐོང་ཞིང་འབྲེལ་བ་དྲན་པའི་རྗེས་སུ་བསྒྲུབ་བྱ་
དཔོག་པའི་བློ་ཡིན་
པའི་ཕྱིར། རྗེས་དཔག་ཅེས་བྱའོ།
རང་འདྲའི་ཡུམ། རང་གི་གཟུགས་བརྙན་ཕར་ཤར་བ་ལྟ་བུའི། ཞལ་ཕྱག་ད་ང་རྒྱན་ཆ་ལུགས་འདྲ་བའི་རིག་
མའོ།
རང་སྣང་གི་རིག་མ་དང་དོན་གཅིག
ར་ང་རྣམ།
རང་ཉིད་ཀྱིས་བྲིས་པའི་རང་གི་ལོ་རྒྱུས།
རང་སྣང་གི་རིག་མ། རང་གི་སེམས་ཀྱི་སྣང་ཆ་ལྷ་མོའི་རྣམ་པར་ཤར་བའམ། རང་གི་གཟུགས་བརྙན་ཕར་ཤར་
བ་
ལྟ་བུའི། ཞལ་ཕྱག་དང་རྒྱན་ཆ་ལུགས་སོགས་རང་དང་འདྲ་བའི་ཡུམ། རང་འདྲའི་ཡུམ་ད་ང་དོན་གཅིག

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*