www.dharmabook.ru tibetan OCR


6 50
རྗས་ཀྱི་མ་དག་པའི་ཉེས་སྐྱོན་རྣམས་ར་ལས་མེ་འབར་བས་བསྲེགས། ཁ་ལས་ཆུ་བྱུང་སྟེ་སྦྱང་ས། ཡཾ་ལས་
རླུང་བྱུང་བས་
གཏོར་ཏེ་སྟོང་ས་པར་བསམ་པའོ། རིགས་འཇིན་འདུས་པའི་ཟིན་བྲིས་རིགས་འཛིན་ཞལ་
ལུང་ལ་
གཞི་བྱས་ཏེ་བཀོད།
རལ་སྐོར་མཁན། གཞན་གྱིས་མཚོན་ཆ་ཅི་འཕང་ཡང་རལ་གྲི་བསྐོར་ནས་གཅོད་པ་ལ་ཤིན་ཏུ་མ་ཁས་པའི་མི།
འདི་སྐོར་འདུལ་བ་ལུང་ལས་འབྱུང་བར་བཤད། རལ་སྐོར་མཁན་རྒྱ་གར་དང་རྒྱ་ནག་ན་ཡོད། བོད་དུ་
མེད་
པར་བཤད།
རལ་སྐོར་མཁན་བཞིན། རལ་སྐོར་མཁན་བྱ་བ་གཞན་གྱིས་མཚོན་ཆ་ཅི་འཕང་ཡང་རལ་གྲི་བསྐོར་ནས་གཅོད་
ནུས་པ་བཞིན།
རྣམ་རྟོག་གང་སྐྱེས་ད་མ་ཐག་ངོས་བཟུང་ནས་འགོག་ཐུབ་པའི་དཔེ་ཞིག། པཎ་ཆེན་བློ་
བཟང་ཆོས་རྒྱན་གྱི་ཕྱག་
ཆེན་རྩ་བ་ལས། ཡང་ན་རལ་སྐོར་མཁན་བཞིན་དུ། རྣམ་རྟོག་ཅི་སྐྱེས་རྦད་རྦད་
གཅོད།
ཅེས་གསུང་ས་པ་ལྟར་རོ།
རལ་གཅིག་མ། སྐུ་མདོག་སོགས་སྒྲོལ་མ་དང་འདྲ་བའི་ལྷ་མོ་ཞིག། རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ།
རལ་པའི་ཐོར་ཅོུག དབུ་སྒྲ་རལ་པའི་ལན་བུ་ལྟར་སོ་སོར་སླས་ནས་ཡར་བསྒྱུར་ཏེ་རྩེ་མོ་ནང་དུ་བཅུག་ནས་
དཀྲིས་
གཉིས་རྒྱབ་པའམ། ཡང་ན་མ་སླས་པར་དེ་ལྟར་བྱས་པ་ལ་རལ་པའི་ཐོར་ཅོག་ཟེར།
རས་ཆེན་གྱི་སྤང་པ། སྤང་ལྟུང་སུམ་ཅུའི་ཉེར་བརྒྱད་པ་ནི། དབྱར་ཁས་ལེན་གྱི་སྔ་རོལ་ཟླ་གཅིག་གི་གོང་དུ་རས་
ཆེན་བཙ་ལ་ཏེ་ཐོབ་པའམ་
དགག་ད་པྱེ་གྲོལ་ནས་ཟླ་ཕྱེད་འདས་རྗེས་རས་ཆེན་འཆང་བའོ།
རས་ཆེ་ན་ཆ་ད་ལས་ལྷག་པ་བྱེད་པའི་ལྟུང་བྱེད། འབའ་ཞིག་དགུ་བཅུའི་གྱ་དགུ་པ། རས་ཆེན་སྲིད་དུ་ཁྲུ་དགུ་
ཞེང་དུ་ཁྲུ་གསུམ་སོར་བཅོ་བརྒྱད། དེ་ལས་ལྷག་པར་བྱས་པའོ།
རསྨི་ཤྭ་རི། ལེགས་སྦྱར དགའ་བའི་དབང་ཕྱུག་སྟེ། རྒྱ་གར་ཤར་ཕྱོགས་རྒྱལ་པོ་དགའ་བའི་དབང་ཕྱུག་བི་གྲོང་
ཁྱེར་ན་སྒྲུབ་
གནས་རྡོའི་ལིབ་རྟའི་རྔོག་མ་ལྟ་བུས་མཆན་པ་ཡོད་པ་ལ་བཞེད་། རྟའི་རྔོག་མ་ནི་རྟའི་ཟི་བ་ལ་ཟིར།
རི་རྐང་། རི་ཕྲན། བསྟན་དར་ལྷ་ར་མས་པ་གསུང་།
རི་བརྒྱད། ཤར་དུ་རིན་པོ་ཆེའི་ལྷུན་པོ། ལྷོར་མ་ལ་ཡ་སེར་པོ། ནུབ་ཏུ་ཀེ་ལ་ཤ་ད་ཀར་པོ། བྱང་དུ་མནྡ་ར་ལྗང་ཁུ།
བྱང་ཤར་དུ་དབང་ཆེན་ནག་པོ། ཤར་ལྷོར་སྤོས་ལྡན་སེར་པོ། ལྷོ་ནུབ་ཏུ་གང་ས་ཅ་ན་ད་ཀར་པོ། ནུབ་བྱང་དུ་
དཔལ་
རི་སྔོན་པ་དང་བརྒྱད་དོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*