www.dharmabook.ru tibetan OCR


6 54
རིག་པ་ཆེན་པོ། འོད་གསལ་གྱི་ཡེ་ཤས། དོན་ད་མ་བདེན་པ་རྟོགས་པའི་ཡེ་ཤེས། སྒྲ་བཤད་ནི། ཡུལ་གྱི་གནས་
ཚུལ་ཇི་ལྟ་
བ་བཞིན་དུ་རིག་པས་ན་རིག་པ། ཆེན་པོ་ནི་མཆོག་གམ་རྨད་དུ་བྱུང་བས་ཆེན་པོའོ།
རིག་པ་ཆེན་པོའི་སྔགས། མཐའ་བྲལ་གྱི་ཤེས་རབ། སྒྲ་བཤད་ནི། སྔགས་ཀྱི་སྐད་དོད་མནྟ་ཞེས་པའི་མ་ན་ཡིད་
ད་ང་ཏྲ་སོ་སོར་ཕྲལ་ན་ཏ་ར་
སྐྱོབ་པ་ལ་འཇུག་པས། སྲིད་པ་ཕྲ་རགས་ཀྱི་འཇིགས་པ་མཐའ་དག་ལས་ཡིད་
སྐྱོབ་བྱེད་ཀྱི་མཆོག་ཏུ་གྱུར་པ་ཤེས་རབ་དེ་ཉིད་ཡིན་པས་ས་སོ།
ཞེས་གུང་ཐང་བསྟན་པའི་སྒྲོན་མེའི་རྗེའི་
བསྟོད་པ་དོན་ལྡན་
མའི་འགྲེལ་པ་ལས་གསུང་ས་པ་ལྟར་།
རིག་པ་བརྟུལ་ཞུགས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འདྲ།
རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། དག་ལུགས རིམ་གཉིས་ལ་བོགས་འདོན་པའི་ཡན་ལག་ཏུ་རིག་མའི་འདོད་
ཡོན་
ལ་སྤྱོད་པ་ལ་ཟེར། ཞིབ་པར་བཤད་ན། སྤྲོས་བཅ་ས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྣམ་པ་
གསུམ་ལ་
རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་དང་སྔགས་རིམ་ཆེན་མོ་རྣམས་
སུ་དེ་དག་བི་སྐོར་ཤིན་ཏུ་རྒྱས་པར་གསུང་ས་ཡོད་པས་དེ་དག་ལ་བལྟ་བར་བྱའོ། བཀའ་བརྒྱུད ཀོང་སྤྲུལ་
ཡོན་ཏན་རྒྱ་མཚོའི་
ཤེས་བྱ་མཛོད་འགྲེལ་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་ངོ་བོ་བཤད་པ་ན། སྤྱོད་པ་
གསུམ་ལ་སྦྱར་ནས་
གོང་དང་འདྲ་བར་བ་ཤད། ཡང་གཞན་ད་ག་གིས། སྤྱོད་པ་ལྔའི་ནང་གསེས། ལུས་
གཅེར་བུར་བྱས་རྒྱན་དྲུག་གིས་བརྒྱན་ཕྱག་རྒྱ་མོ་ད་ང་ལྷན་ཅིག་གྲོང་དུ་རྒྱུ་
བའི་སྤྱོད་པ་ལ་ཟར། སྤྱོད་པ་གསུམ་ལ་
གཟིགས།
རིག་པ་དང་ཞབས་སྭུ་ལྡན་པ། (4) རིག་པ་ནི་ཡང་དག་པའི་ལྟ་བ་ཡིན་ལ། ཞབས་ནི་ལམ་གྱི་ཡན་ལག་བདུན་
ན་ནོ།
ཞེས་སློབ་དཔོན་ཚུལ་ཁྲིམས་བསྐྱང་ས་གསུང་། (2) ཤེས་རབ་ཀྱི་བསླབ་པའི་རིག་པ་དང་། ཏིང་ངེ་
འཛིན་དང་ཚུལ་ཁྲིམས་ཀྱི་བསླབ་པའི་ཞབས་གཉིས་སུ་ལྡན་པའོ།

རིག་པ་ཆ་ད་ཕེབས། རྙིང་མ རིག་པའི་ད་བྱིང་ས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ཤིང་། དེའི་སྣང་ཆའི་ལྷ་སྐུ་
དངོས་གནས་
ལ་གྲུབ་པ་ལ་རིག་པ་ཆད་ལ་ཕེབས་པ་ཞེས་བྱའོ། རིག་འཛིན་འདུས་པའི་འགྲེལ་པ་ལས་
གསུངས་པ་ལྟར་བཀོད།

རིག་པ་འཇིན་པའི་སྡེ་སྣོད། (1) རིག་སྔགས་འཆང་བ་རྣམས་ཀྱི་བསླབ་པའི་གཞི་དང་གྲུབ་མཐའ་སྟོན་པའི་གཞུང་
ལ་ཟེར། རྗེའི་སྔགས་རིམ་ཆེན་མོ་ལྟར་བཀོད། (2) བཀའ་བརྒྱད) ལྷ་སྔགས་བདེ་བ་ཆེན་པོའི་ཡེ་ཤེས་
རྣམ
ས་ནི་རིག་པ་ཡིན་ལ། དེ་ཉིད་ཐབས་ཟབ་མོས་འཇིན་པས་རིག་འཛིན་གྱི་སྡེ་སྣོད།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*