www.dharmabook.ru tibetan OCR


66 3
རེག་ཅིང་བརྩལ་ རེག་ཅིང་རྩོལ་བ་དང་དོན་འདྲ།
རེག་པ། (4) ལག་པས་ཐུག་པ། (2) འཐོབ་པ། སླེབ་པ། དཔེར་ན། རྫོགས་པའི་སང་ས་རྒྱས་ས་ལ་རེག་གྱུར་ཅིག།
ཅེས་པ་ལྟ་བུ། (8) ཚོར་བའི་རྟེན་བྱེད་པའི་སེམས་བྱུང་ཞིག་སྟེ། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་
ཚོར་བ་བདེ་སྡུག་བཏ་ང་སྙོམས་གསུམ་སྐྱེ་བའི་རྟེན་བྱེད་པའི་སེམས་བྱུང་ཞིག་ལ་ཟེར།
རེག་པའི་ཟས། ལུས་སེམས་རྒྱས་པར་བྱེད་པའི་རེག་པ་ལ་ཟེར། དཔེར་ན། བཀྲེས་པས་ཉེན་པའི་མི་ཞིག་ཟས་
མཐོང་བ་ཙམ་གྱིས་
ཡིད་ལ་དགའ་བདེ་སྐྱེ་བ་ལྟ་བུ་རེག་པ་ཟས་སུ་སོང་བ་ཡིན། སྒྲ་བཤད་ནི། རེག་པའང་
ཡིན་ལ་
ཟས་དང་བྱེད་ལས་ཆོས་མཚུངས་པས་རེག་པའི་ཟས་ཞེས་ཐ་སྙད་བཏགས་སོ།
རེག་པའི་ལྷག་ བུད་མེད་ཀྱི་ལུས་སམ་སྒྲ་སོགས་ལ་ཆགས་སེམས་ཀྱིས་རེག་པའི་ལྟུང་བ་དངོས་གཞིའོ།
རེག་བྱ་རྡོ་རྗེ་ (4) དཔལ་གསང་བ་འདུས་པའི་ཡུམ་གྱི་མཆན། ཁྲོ་མོའི་ཉམས་ཅུང་ཟད་ཡོད་པ་ལ་རེག་བྱ་རྡོ་
རྗེ་མ་ཟེར།
ལྷ་མོ་དེ་དག་ཀྱང་ངེས་དོན་དུ་རྡོ་རྗེ་འཆང་དང་ངོ་བོ་མཉམ་པས་རྡོ་རྗེ་ཞེས་བཏགས། གཟུགས་
རྡོ་རྗེ་སོགས་
ལའང་རིགས་འགྲའོ། (2) སྤྲུལ་སྐུ་སྔོན་པོའི་ཡུམ་རེག་བྱ་རྡོ་རྗེ་མ་ཞེས་ཟེར།
རེས་འགའ་བ། ཡུལ་དུས་འགའ་ཞིག་ན་ཡོད་ཅིང་ལ་ལར་མེད་པའི་ཆོས།
རོ། (4) བྲོ་བ། རོ་མངར་བ་དང་སྐྱུར་བ་ལྟ་བུ། (2) སྲོག་དང་བྲལ་བའི་ལུས། མི་རོ་དང་ཁྱི་རོ་ལྟ་བུ། (8) སྙིང་པོ་
ཕྱུང་
ཟིན་པ། ཟས་ཀྱི་སྙིགས་རོ (1) བེད་མེད། ས་རོ། རྡོ་རོ། ཞེས་པ་ལྟ་བུ། (5) རང་བཞིན། རོ་གཅིག་
ཏུ་གྱུར་
ཅེས་པ་ལྟ་བུ། (6) ར་མཐར་སྦྱར་རྒྱུའི་རྫོགས་ཚིག་གི་ཕྲད་ཅིག
རོ་
རྐྱང་དབུ་མ་གསུམ་གྱི་ཡར་སྣེ་དང་མར་སྣ། ༿ རོ་རྐྱང་དབུ་མ་གསུམ་ནི་སྤྱི་བོ་ནས་པོ་མོ་གང་ཡིན་གྱི་
རྟགས་ཀྱི་རྩེར་ཡོད་ལ། དེའི་ཆ་ཤས་ཤིག་རྐང་མཐིལ་གཉིས་སུ་ཡོད་པའང་རྗེའི་གསུང་ཟིན་གྲིས་མ་རྒྱུད་
ཀྱི་རྫོགས་
རིམ་དཔྱིད་ཐིག་ལས་གསུང་ས། ༿ རྩ་དབུ་ནི་སྤྱི་བོ་ནས་རྟགས་ཀྱི་རྩེའི་བར་ཡོད་ལ། རོ་མ་ནི་
ཡར་སྣ་སྣ་བུག་གི་རུས་པའི་བུ་ག་ནས། མར་སྣ་བཤང་ལམ་གྱི་བར་དུ་སོང་ནས་བཤང་བ་འཕེན་འཛིན་
བྱེད་
པར་གསུང་ས། རྐྱང་མ་ནི། ཡར་སྣ་སྣ་བུག་གི་རུས་པའི་བུ་ག་ནས། མར་སྣ་རྟགས་ཀྱི་རོའི་བར་སོང་
སྟེ་དྲི་
ཆུ་དང་ཁུ་ཁྲག་འཕེན་འཇིན་བྱེད་པར་བཤད་དོ།
རོ་ཁུར་བ་ལྟར། རྒྱབ་འགལ་དུ་སོང་བའི་དཔའོ། རོ་ཁུར་ལུགས་ཤིག་སྟེ། སྔར་བོད་དུ་རོ་ཁུར་བ་ན་ཐག་
པས་
གོང་བུར་བསྡམས་ཏེ་རྒྱབ་སྤྲོད་བྱས་ཏེ་ཁུར་བའི་སྲོལ་ཡོད་པ་དེ་དཔེར་བཟུང་བའོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*