www.dharmabook.ru tibetan OCR


ལམ། དེའི་འགྲེལ་པ་ལྟ་བུར་རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱི་མུར་ལམ་དམར་ཁྲིད། དགས་པོ་ང་ག་དབང་
གྲགས་པའི་ལམ་རིམ་
ལེགས་གསུང་ཉིང་ཁུ་བསྣན་པས་དེ་བརྒྱད་ལ་ལམ་རིམ་ཁྲིད་ཆེན་བརྒྱད་དུ་གྲགས།
ལམ་སུན་འབྱིན་པ། ཚུལ་ཁྲིམས་འཆལ་བ།
ལམ་སྲང་། ལམ་དོག་པོ།
ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ།
ལས་ཀྱི་སྒྲིབ་པ། སྡིག་པའམ་ཉེས་པ་ལ་ཤས་ཆེར་སྤྱོད་པ།
ལས་ཀྱི་ལ སེམས་པ་ནི་ལས་ཡིན་ལ། དེ་གང་དུ་འཇུག་པའི་གཞི་ཡིན་པས་ལས་ཀྱི་ལམ་ཞེས་བརྗོད། ལམ་
རིམ་ཆེན་མོ་ལས།
སེམས་པ་ནི། ལས་ཡིན་ལ་ལས་ཀྱི་ལམ་ནི་མིན་ནོ། ལུས་ང་ག་གི་བདུན་ནི་ལས་ཀྱང་
ཡིན་ལ།
སེམས་འཇུག་པའི་གཞི་ཡིན་པས་ལས་ཀྱི་ལམ་ཡང་ཡིན་ནོ། བརྣབས་སེམས་སོགས་གསུམ་ནི་
ལས་ཀྱི་ལམ་ཡིན་གྱི་ལས་ནི་མིན་ནོ།
ཞེས་གསུངས།
ལས་ཀྱི་ས་པ། འཛམ་བུ་གླིང་པའི་མིའི་རྟེན། སྒྲ་བཤད་ནི། ཆེ་དེ་ལ་བསགས་པའི་ལས་ཀྱིས་ཆེ་དེ་ཉིད་ལ་འབྲས་
བུ་འགྲུབ་པའི་
རྟེན་ལ་ཟེར། གླིང་གཞན་རྣམས་ནི་ལས་ཀྱི་ས་པ་མིན་པར་གསུངས། རྗེའི་རྣམ་གཞག་རིམ་
པའི་རྣམ་བཤད་
ལ་གཞི་བྱས་ཏེ་བཀོད།
ལས་གྲལ་ནས་མི་སྨྲ་བར་འགྲོ་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་དོན་བདུན་པ། དགེ་འདུན་གྱི་ཆོས་
ལྡན་གྱི་ལས་ལ་འདུས་ནས་དགེ་སློང་ལ་མ་སྨྲས་པར་ཐོས་པའི་ཉེ་
སྐོར་ལས་འདས་པ་ཕྱིན་པའོ།
ལས་རྒྱ། གསང་ཡུམ། གསང་སྔགས་ཀྱི་ཡུམ། ཕྱག་རྒྱ་མ། ཤེས་རབ་མ། སྒྲ་བཤད་ནི། ཡིད་ཀྱིས་བསྒོམ་པ་ཙམ་
གྱིས་གྲུབ་པ་མ་ཡིན་པར། དངོས་གནས་ལ་ལས་དབང་གིས་སྐྱེ་བ་བླངས་པའི་ཕྱག་རྒྱ་ཡིན་པས་ལས་རྒྱ་
ཞེས་བྱའོ།
ཡང་ན། འཁྱུད་པ་ལ་སོགས་པའི་ལས་ཀྱིས་དགའ་བ་སྟེར་བས་ན་ལས་རྒྱ་ཞེས་བརྗོད། སྦས་
དོན་ཀུན་གསལ་ལ་
གཞི་བྱས། ལས་རྒྱ་བསྟེན་པའི་དགོས་པ་ནི་དེ་བསྟེ་ན་པའི་སྲོག་དབུ་མར་ཞུགས་ཏེ།
ཡས་བབས་དང་མས་བརྟན་གྱི་དགའ་བཞི་བསྐྱེད་པའི་ཆེད་དུ་ཡིན། པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་མ་
བཞིའི་དོན་ནི། རྩ་དབྱིབས་མི་འདྲ་བ་བཞིའི་སྒོ་ནས་བཤད་པ་ཡིན་ལ། དེ་ཡང་དྷཱུ་ཏྭིའི་མར་སྣའི་དབང་དུ་
བྱས་པ་ཡིན་ནོ།
དེས་ན་གླང་པོ་ཅན་གྱི་རྩའི་མར་སྣ་ནི། རྩ་སྣ་གཡོན་ནས་གཡས་སུ་ཅུང་ཟད་འཁྱིལ་བའི་
རྣམ་པར་ཡོད་ལ།
དེའིе-་རྟགས་རྩ་དེའི་ཡས་སྣ་ཡོད་ཕྱོགས་ཀྱི་བུད་མེད་དེའི་སྣ་གཡོན་ནས་གཡས་སུ་
འཁྱིལ་བའི་རྣམ་པ་ཅན་ལ་སོགས་པ་ལས། ཕྱག་རྒྱ་དེ་གླང་པོ་ཅན་གྱི་རིགས་སུ་གཏོགས་པ་ཡིན་ནོ། དུང་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*