www.dharmabook.ru tibetan OCR


674
ཅ་ན་མ་ནི་རྩ་དེའི་མར་སྣ་དུང་དཀར་གྱི་ཁ་ལྟར་འཁྱིལ་ཞིང་། གུག་ལ་རིང་བ་ཞིག་ཡོད་པས། དེའི་རྟགས་
ལ་
རྩའི་མར་སྣ་ཡོད་ཕྱོགས་ཀྱི་སྒྲ་དང་སྣ་ཡང་རིང་བ་ལ་སོགས་པ་དུང་ཅན་མའི་རིགས་སུ་ཤེས་པར་བྱའོ།
རི་དགས་ཅ་ན་མ་ནི་རྩ་དེའི་མར་སྣ་རི་དགས་གླ་བའི་ལྟེ་བ་འདྲ་བ་ཁ་བཅུམ་ཞིང་འགོར་པོའི་རྣམ་པ་ཅན་དུ་
ཡོད་པས།
ཙ་དེའི་ཁ་ཤིན་ཏུ་ཚོལ་དཀའ་བས། དེ་ནི་རྣལ་འབྱོར་པས་སེན་མོས་བཙལ་དགོས་པར་
གསུང་ས་སོ། མར་སྣ་དེའི་རྟགས་ལ་ཡ་ར་སྣའི་ཕྱོགས་ཀྱི་སྣ་ལ་རི་མོ་ཡོད་ལ་དེར་མ་ཟད་ལུས་གཞན་ལས་
སྦོམ་པ་སོགས་
ཡིན་ནོ། པད་ཅན་ནི་མར་སྣ་མེ་ཏོག་པམའི་ད་བྱིབས་ལྟ་བུར་ཡོད་པས་རྩ་དེ་ཁ་བཙ་ལ་སླ་
ཞིང་།
འབྱེད་པར་སླ་བས་ཕྱག་རྒྱའི་མཆོག་ཏུ་གསུང་ས་པ་ཡིན་ནོ། དེ་ལྟར་ཕྱག་རྒྱ་བཞིའི་རྩ་ལ་མི་འདྲ་
བའི་ཁྱད་པར་དེ་ལྟར་
ཡོད་པའི་སྒོ་ནས་པད་ཅ་ན་སོགས་སུ་བཞག་པའི་དོན་དེ་ཉིད། རང་བི་བླ་མ་ཁོ་ནའི་
མན་ང་ག་
ཡིན་པས། རང་ཁོ་ནའི་སྙིང་ལ་བཅང་རྒྱུ་ཡིན་གསུང་ས། དེའི་རྒྱུ་མཆ་ན་ཆགས་ལམ་ལ་ཤིན་ཏུ་
མཁས་པར་གྲགས་པའི་
བླ་མ་ཐམས་ཅད་ཀྱིས་རྒྱུད་ནས་གསུང་ས་པའི་ཕྱག་རྒྱ་རིགས་བཞིའི་ཁྱད་པར་སྣ་
གཡོན་
གཡས་སུ་འཁྱིལ་བ་དང་། ཞེས་སོགས་རྣམས་རྩའི་དབྱིབས་ལ་བརྟགས་པའི་དོན་ལ་བློ་ཁ་ཙམ་ཡང་
མ་ཕྱོགས་ཤིང་། རྩ་ལ་མི་འདྲ་བ་བཞི་ཡོད་པའི་གནད་མ་རྟོགས་པ་ཤ་སྟག་ཡིན་པས། ཕྱོགས་འདི་ལ་ཁ་པོ་
ཇི་ལྟར་ཆེ་ཡང་མཁས་པའི་བཞད་གད་ཀྱི་གནས་འབའ་ཞིག་ཡིན་གསུང་ངོ་།
ལས་རྒྱལ་མཆོག ༿ དཀྱིལ་འཁོར་གྱི་ལྷ་ཡིས་རྫས་སྔགས་འཁྲུལ་འཁོར་སོགས་ལ་བརྟེན་ནས་ཞི་སོགས་ཀྱི་ལས་
ཐམས་ཅ་ད་འགྲུབ་པར་མཛད་པ་ལ་ཟེར། རྗེ་བདག་ཉིད་ཆེན་པོས། དེས་ནི་རྫས་སྔགས་འཁྲུལ་འཁོར་
བསམ་གཏན་ལ།
བརྟེན་ནས་གྲུབ་པ་ཆེན་པོ་བརྒྱད་དང་ནི། ཞི་སོགས་རབ་འབྱམས་ལས་ཀུན་འགྲུབ་པ་
ཡིས།
ལས་ཀྱི་རྒྱལ་པོ་མཆོག་ནི་འགྲུབ་པར་ཤོག ཅེས་གསུངས་པ་ལྟར་རོ། སྔགས་རིམ་ཆེན་མོར་ཡང་
དེ་བཞིན་དུ་གསུངས་སོ། ༿ ཡེ་ཤེས་པ་གཞུག་པ་སོགས་ལ་ཟར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྒྱུད་
བརྟག་གཉིས་ཀྱི་སྤྱི་དོན་
ལས་གསལ།
ལས་སྒྲིབ། ལས་ཀྱི་སྒྲིབ་པའི་བསྡུས་ཚིག
ལས་མཐའ་ལོག་པ། (4) མཆམས་མེད་བྱས་སམ་བྱེད་དུ་བཅུག་པ། འདི་ནི་ལམ་རིམ་ལས་གསུངས་པ་ལྟར་
དང་།
(2) རྙིང་མ ཀུན་བཟང་བླ་མའི་ཞལ་ལུང་དུ། ལས་མཐའ་ལོག་པ་ཞེས་རྔོན་པ་དང་སྨད་ཚོང་ལ་
སོགས་པའི་
རིགས་བརྒྱུད་དུ་སྐྱེས་པས་ཆུང་ངུ་ནས་ལས་ཀྱི་མཐའ་ལོག་པའི་ལམ་དུ་ཞུགས་པ་ལ་ཟེར་ཡང་
དོན་དུ་སྒོ་གསུམ་ཆོས་འགལ་གྱི་བྱ་བ་བྱེད་
ཆད་ལས་མཐའ་ལོག་པར་ཞུགས་པ་ཡིན། ཞེས་ཀྱང་གསུངས་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*