www.dharmabook.ru tibetan OCR


677
ལུང་ཕྲན་ཚེགས འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏ། སོ་ཐར་གྱི་མདོའི་ཁ་སྐོང་གི་ཆ་གཙོབོར་གཏན་ལ་འབེབས་
པའི་མདོ།
སྒྲ་བཤད་ནི། བསླབ་པའི་གཞི་དང་ཁ་ན་མ་ཐོ་བ་ཕྲ་ཞིང་ཕྲ་བ་རྣམས་སྟོན་པར་བྱེད་པའི་སངས་
རྒྱས་ཀྱི་
གསུང་ཡིན་པས་དེ་སྐད་ཅེས་བྱའོ། ཕྲན་ཆེགས་ནི། ཕྲ་བ། ཆུང་བ། ཉུང་ཉུང་བ་ཅས་ཀྱི་དོན་ཡིན།
ལུང་ཚད་མ། སླུ་བ་མེད་པའི་གསུང་། སངས་རྒྱས་ཀྱི་གསུང་། དཔེར་ན། ཡུམ་རྒྱས་འབྲིང་གསུམ་ལྟ་བུའོ།
ལུང་གཞི། འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏ། སོ་ཐར་གྱི་མདོའི་ཤུགས་བསྟན་གྱི་ཆ་གཙོ་བོར་འགྲེལ་པའི་མདོ།
ལུས། (4) གཟུགས་པོ། (2) བསགས་པ་དང་། སྤུང་ས་པ་དང་། ཚོགས་པ་ལ་ལུས་ཞེས་ཟེར། སེམས་དང་སེམས་
བྱུང་རྣམས་
ལའང་རྒྱུན་སྔ་ཕྱི་བསགས་པ་ཡོད་པས། ལུས་ཡིན་ཀྱང་གཟུགས་ཡིན་མི་དགོས་པའི་ཁྱད་པར་
ཡང་ཤེས་པར་བྱའོ། སྒྲ་བཤད་ནི། འབྲལ་ཅིང་ཤུལ་དུ་ལུས་པས་ལུས་ཞེས་བྱའོ།
ལུས་ཀྱི་དབང་པོ། རྒྱུའི་ཁྱད་པར་རང་རྒྱུ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ། བྱེད་ལས་ཀྱི་ཁྱད་པར་ལུས་ཤེས་ཀྱི་
ཐུན་མོང་
མ་ཡིན་པའི་བདག་ཀྱེན་བྱེད་པ། ངོ་བོའི་ཁྱད་པར་ནང་གི་གཟུགས་དངས་པའོ། དབྱིབས་ནི་བྱ་
རིན་རྣ་འཇམ་གྱི་ཤུན་པ་ལྟ་བུ།
ལུས་དཀྱིལ། རང་གི་ལུས་ཀྱི་ཆ་ཤས་སོ་སོ་ལས་གཞལ་ཡས་ཁང་བསྐྱེད་པ་ལ་ཟེར། ལུས་ཀྱི་དཀྱིལ་འཁོར་ནི།
ལུས་ཉིད་ཐུན་མོང་མ་ཡིན་པའི་རྒྱུར་གྱུར་པའི་ཚུལ་གྱིས་ལུས་ལས་བསྐྱེད་པའི་དཀྱིལ་འཁོར་ཡིན་པའི་ཕྱིར་
ལུས་ད་ཀྱིལ་ཞེས་བྱ་སྟེ། དཔེར་ན་མིག་གི་དབང་པོས་ཐུན་མོང་མ་ཡིན་པའི་རྒྱུ་བྱས་ནས། བསྐྱེད་པའི་ཤེས་
པ་ལ་མིག་གི་
ཤེས་པ་ཞེས་བརྗོད་པ་ལྟ་བུ་སྟེ། ཐུན་མོང་མ་ཡིན་རྒྱུ་ཡིན་ཕྱིར། དེ་ཡི་ཐ་སྙད་དབང་པོས་བྱས།
ཞེས་གསུངས་པ་ལྟར་རོ། འོ་ན་ལུས་ཀྱི་ཆ་དེ་དང་དེ་ལས་བསྐྱེད་པས་ས་བོན་གྱི་ཡི་གེ་ལས་བསྐྱེད་པ་དོན་
མེད་
དོ་ཞེ་ན། སྐྱོན་མེད་དེ་བདེ་མཆོག་ལུས་དཀྱིལ་གྱི་སྐབས་སུ་སྒོ་མཚམས་མ་བརྒྱད་ས་བོན་ལས་ཀྱང་
བསྐྱེད་པར་
གསུངས་པ་ལྟར་ལུས་དང་ཡི་གེ་གཉིས་ཆར་ལས་བསྐྱེད་པའི་ཚུལ་དུ་མ་ཡོད་པས་སོ། དེས་ན་
རང་གི་
གཟུགས་ཀྱི་ཕུང་པོ་དེ་ཉིད་ཡི་གེ་ཨོཾ་གྱི་རྣམ་པར་གྱུར་ནས་དེ་ཞུ་བ་ལས་རྣམ་སྣང་དུ་བསྐྱེད་པ་དང་
དེའི་ཆེ
འང་རང་གི་གཟུགས་ཕུང་དང་དབྱེར་མེད་པར་གཟུགས་ཕྱུང་གི་ངོ་བོ་ཉིད་དུ་མོས་པའི་ང་རྒྱལ་རེ་རེ་
བྱེད་པ་སྟེ། དེ་ལྟར་ན་གཟུགས་ཕུང་དུ་གྱུར་པའི་ལྷ་ཡིན་པ་དང་ལྷ་དེའི་ང་རྒྱལ་དང་རྣམ་པ་དྲ་ན་པ་ད་ང་
གཟུགས་ཕུང་གི་ངོ་བོ་ཉིད་དུ་མོས་པ་གསུམ་ཆར་དང་ལྡན་པ དགོས་སོ། གོང་དུ་ལུས་བརྟེན་པའི་དཀྱིལ་
འཁོར་དུ་
བསྒོམས་ཟིན་པས་ཕྱིས་ཡང་ལུས་ལྷར་བསྒོམ་པ་མི་འཐད་དེ་གང་ཟག་གཅིག་ལ་ལུས་གཉིས་མེད་
པའི་ཕྱིར་རོ་ཞེ་ན།
འོ་ན་མིག་དབང་སོགས་སེམས་དཔར་བསྒོམས་པ་དང་། ས་ཁམས་སྤྱན་མ་སོགས་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*