www.dharmabook.ru tibetan OCR


680
ལུས་ཤིན་སྦྱང (4) ལུས་དགེ་བའི་བྱ་བ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་རུང་བའི་ལས་རུང་གི་ཆ། དེ་ནི་
ལུས་ཀྱི་ནང་
གི་རེག་བྱ་ཆེས་ཡིད་དུ་འོང་བ་ཞིག་ཡིན་གྱི་སེམས་བྱུང་ནི་མིན་པ་ར། ལམ་རིམ་ཆེན་མོར་
གས་ལ།
(2) ལུས་ལས་རུང་དུ་བྱེད་པའི་སེམས་བྱུང་ལ་ཟེར། རྒྱལ་ཆབ་ཆོས་རྗེས། ལུས་སེམས་ལས་སུ་
རུང་བར་བྱེ
ད་པའི་སེམས་བྱུང་ལ་ལུས་སེམས་ཤིན་ཏུ་སྦྱངས་པ་ཞེས་བྱའི། ལུས་སེམས་དངོས་ནི་མིན་
ན་ནོ།
ཞེས་ཀྱང་སྣང་ངོ་།
ལུས་སེམས་ཤིན་སྦྱང (4) ལུས་སེམས་ལས་སུ་རུང་བའི་ཆ། (2) ལུས་སེམས་ལས་སུ་རུང་བར་བྱེད་པའི་
སེམས་
བྱུང་ལ་ལུས་སེམས་ཤིན་ཏུ་སྦྱངས་པ་ཞེས་བྱའི། ལུས་སེམས་དངོས་ནི་མིན་ན་ནོ། འདི་རྒྱལ་ཆབ་
ཆོས་
རྗེས་གསུངས་པ་ལྟར་བཀོད།
ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ། ལུས་སེམས་ལས་རུང་གི་ཆ་ནི་ཤིན་སྦྱངས་ཡིན་ལ། དེ་ལ་བརྟེན་ནས་ལུས་
སེམས་
ལ་བདེ་ཉམས་ཆེན་པོ་སྐྱེ་བ་ལ་ཟེར།
ལུས་སྲུལ་པོ། མིའི་སྲོག་འཕྲོག་པ་ཁ་སྣ་བྲང་ལ་དོད་པའི་ཡི་དུགས་ཀྱི་རིགས་ཤིག རྗེ་ཙོང་ཁ་པའི་མདོ་རྩ་བའི་
ཟིན་བྲིས་
ལ་གཞི་བྱས་ཏེ་བཀོད།
ལི་ཡུལ། ལི་ཡུལ་དེ་ནི་བོད་ཀྱི་བྱང་རྒྱབ་དང་། ཨུ་རུ་སུའི་ལྷོ་མཐར་ཆགས་པའི་ཡུལ། རྒྱ་གར་སྐད་དུ་ཀོཾ་ས་དེ་ཤ།
ཡུལ་གཞན་དུ་ཏུར་ཀི་སྠན་དང་། རྒྱ་ནག་པས་སིན་ཇང་དུ་འབོད་པ་འདི་ཡིན་ཏེ། ཞེས་མཁས་ད་བང་དགེ་
འདུན་
ཆོས་འཕེལ་གྱི་དེབ་ཐེར་དཀར་པོར་གསལ། ཡང་འགོས་ལོའི་དེ་བ་སྔོན་དུ། ལི་ཡུལ་ལ་འདོད་ཚུལ་
མང་སྟེ།
ཡུལ་འདི་རྒྱ་ནག་གི་བྱང་ངོས་བོད་ནས་བྱང་ཤར་གྱི་མཚམས་ན་ཡོད་ཅེས་པའི་འདོད་ཚུལ་གཅིག།
ཡང་བལ་ཡུལ་ཉིད་ལི་ཡུལ་དུ་འདོད་པ་གཅིག། ཡང་བལ་ཡུལ་ཉིད་ན་ཆུ་བོའི་ཕར་འགྲམ་གྱི་ངོས་ལ་བལ་
ཡུལ་ད་ང་
ཚུར་ཕྱོགས་ལ་ལི་ཡུལ་ཞེས་འདོད་པའི་ཚུལ་གཅིག་སོགས་ཡོད་པ་དེབ་སྔོན་སྨད་ཆ་ ན་
གསལ།
ལེ་ལན། (4) ཁག་ཉེས། ལེ་ཁག། ལན་ ལན་པ། མ་བྱུང་བ། སྐྱོན་རྩ། བློ་སྦྱོང་ལས། ལེ་ལན་ཐམས་ཅ་ད་
གཅིག་ལ་བདའ།
ཞེས་པ་ལྟར་རོ། ལེ་ཁག་དང་ལན་རྩ་གཉིས་ལེ་ལན་གྱི་དོན་དུ་དངུལ་ཆུ་ཅྭཱརྨ་བྷ་དྲ་
གསུང་།
(2)གནོད་ལན་ནམ་འཁོན་ལན། ས་སྐྱ་ལེགས་བཤད་ལས། ཕ་རོལ་གནད་དུ་འབེབ་པའི་ཚིཚིག།
དགྲ་བོ་ལ་ཡང་སྨྲ་མི་བྱ། བྲག་ཆ་བཞིན་དུ་རང་ཉིད་ལ། དེ་མ་ཐག་ཏུ་ལེ་ལན་འབྱུང་། ཞེས་གསུངས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*