www.dharmabook.ru tibetan OCR


681
ལེ་ལན་ཐམས་ཅ་ད་གཅིག་ལ་བདའ། ཁག་ཉེས་ཐམས་ཅ་ད་གཅིག་ལ་དཀྲི། ཞེས་པའི་དོན་ཏེ། གང་དུ་འབྲོས་
ཀྱང་མི་གཏོང་བར་དེའི་རྗེས་སུ་སྙེགས་པ་ལ་བདའ་བའམ་འདེད་པ་ཟེར་བ་བཞིན་དུ། རང་ལ་རྐྱེན་ང་ན་
གོད་ཆགས་གང་བྱུང་ཐམས་ཅ་ད་བདག་འཛིན་ནམ་རང་གཅེས་འཛིན་གྱིས་བྱས། སེམས་མི་སྐྱིད་པ་འདི་
ཡང་དེས་བྱས།
ལུས་ལ་ན་ཆ་བྱུང་བ་ཡང་དེས་བྱས། ཞེས་པ་ལྟ་བུས་ཉེས་ཁག་ཐམས་ཅ་ད་བདག་འཛིན་
མ་རང་གཅེས་འཛིན་ལ་དཀྲི་བའི་དོན་ནོ།
ལེ་ལོ། (4) བྱ་བ་གང་ཞིག་ལ་འཇུག་སྙིང་མི་འདོད་ཅིང་ཕྱི་བཤོལ་བྱེད་པའི་སེམས། (2) ཉེ་ཉོན་ཉི་ཤུའི་བཅུ་དྲུག་པ་
ནི།
གཏི་མུག་གི་ཆར་གཏོགས་གང་ཞིག། ཉལ་བ་སོགས་ལ་བརྟེན་ནས་སེམས་དབེ་བ་ལ་མི་དགའ་བར་
བྱེད་པ
ས་རབ་ཏུ་ཕྱེ་བའི་རིག་པའོ། བྱེད་ལས་ནི། དེ་ཡོད་ན་ད་གེ་བ་གང་ཡང་བྱེད་མི་འདོད་པའི་ལས་ཅ་ན་
ནོ།
ལེ་ལོའི་དགྲ། བརྩོན་འགྲུས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། མཐའ་དག་ཤེས་བྱའི་རྒྱ་མཚོ་ཆེར། རྣམ་སྤྱོད་
གྲུ་ཡིས་ལེགས་ཞུགས་ཏེ། ལེ་ལོའི་དགྲ་ཡིས་བསྐྱོད་པ་ཡིས། ཕ་རོལ་སོན་པ་ཅིས་མི་འགྱུར། ཞེས་
གསུངས་པ་ལྟ་བུ།

ལེ་ཤོར། ལེ་ལོའི་དབང་གིས་མཐུས་ཤོར་དུ་སོང་བ།
ལེགས་པར་གསུངས་ ཇི་ལྟ་བ་བཞིན་དུ་གསུང་ས་པ།
ལེགས་བཤད་ལྗོན་དབང་། སུམ་ཅུ་པའི་འགྲེལ་པ། དངུལ་ཆུ་ཅྭཱརྨ་བྷ་དྲའི་སློབ་མ་དབྱངས་ཅན་གྲུབ་པའི་རྡོ་རྗེས་
མཛད།
བདག་གི་བླ་མ་རིན་པོ་ཆེ་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས། རྩ་བ་
ལས་ཀྱང་
ཚིག་ཉུང་ལ་དོན་གསལ་བའི་ལེགས་བཤད་ངོ་མཚར་ཅ་ན་ཞིག་ཡིན་ཚུལ་གསུང་།
ལེགས་སྤྱད། ༿ ད་གེ་བ། སྤྱོད་འཇུག་ལས། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། ལེགས་སྤྱད་གང་ཨིན་དེ་
ཀུན་ཡང་། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། ཅེས་གསུང་ས། ༿ ཚུལ་ཁྲིམས། སློབ་ད་པོན་དགེ་བ་
ལྷའི་སྤྱོད་འཇུག་གི་འགྲེལ་པ་ལས། ལེགས་སྤྱད་ནི་ཚུལ་ཁྲིམས་ཏེ་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་
གིས་འཇོམས་པར་
བྱེད་། ཅེས་གསུངས། སྒྲ་བཤད་ནི། ཤིན་ཏུ་ང་ལ་བ་ཆེར་བྱས་པས་བསྒྲུབ་པར་བྱ་བའི་
ཕྱིར་ལེགས་
སྤྱད་དོ། ཞེས་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱི་སྤྱོད་འཇུག་འགྲེལ་ཆེན་དུ་གསུངས།
ལེགས་སྦྱར་གྱི་ཁྲུ རླུང་འདྲེན་པའི་རྩ་བ་དང་སྡོང་བུ་དང་ལོ་མ་དང་འབྲས་བུ་དག་བསྐོལ་ནས་ཁྲུས་བྱེད་པའི་
མིང་།
ཞེས་བསྟན་དར་ལྷ་རམས་པ་གསུང་།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*