|
685 བར་བསྐོར་ནས་སློང་བའོ། །ཐོབ་ཀྱིས་འཇལ་བ་ནི། རྙེད་པའི་ཕྱིར་གཞན་ལ་མངོན་སུམ་དུ་སེར་སྣ་ཆེ་བ་ སོགས་ཀྱིས་སྨོད་པའོ། །རྙེད་པས་རྙེད་པ་འཚོལ་བ་ནི། སྦྱིན་བདག་གི་མདུན་དུ་སྔར་རང་གིས་ཐོབ་པའི་ རྫས་ལ་བསྔགས་པ་བརྗོད་པའོ། ། ལོག་ཡིག་དྲུག ཊ་ཋ་ཌ་ཎ་ཥ་ཀྵ། ཥའི་ཀློག་ཚུལ་ནི། ཤ་ཥ་ཡར་སྦྱར་ས་ལྐར་བཀླག། དཔེར་ན་ན་མ་ཅོཎྜ [ཕྱག་འཚལ་ལོ་གཏུམ་ པོ] ལྟ་བུའི་ཤ་དང་། ཨུརྟི་།་[གཙུག་ཏོར] སྟ་བུའི་པ་གཉིས་ཡར་སྦྱར་ལ་ས་ལྐར་བཀླག་སྟེ་དཔེར་ན། ན་མས་ཙཎྜ། ཨུསྭ་ཆི་ཥ་ ལྐ་བུར་བཀླག་ག་གོ། ཡང་ཥནི་ཁ་ད་ང་ཆ་མཐུན་པར། །རྐན་གྱི་ཕུགས་ནས་སྟོངས་ཀྱིས་འདོན། །ཞེས་པས་སྟོན་ཏེ། ཥ་ནི་བོད་ཀྱི་ཁའི་ གདངས་དང་ཆ་ཅུང་ཞིག་མཐུན་པར། རྐན་གྱི་ཕུགས་ནས་མི་གསལ་བའི་ཚུལ་དུ་སྟོངས་ཀྱིས་འདོན་ལ། བོད་ཀྱི་ཁ་ལྐར་གསལ་བ་ ནི་མ་ཡིན་ནོ། །ཞེས་གསུང་ས། སྣར་ཐང་ལོ་ཅཱབའི་སྔགས་ཀྱི་བཀླག་ཐབས་སོགས་ལས་གསུངས་། དེང་སང་རྒྱ་གར་བས་ཤ་ཥ་ གཉས་ཀ་ཤ་ལྐ་བུར་བཀླག་ག་གོ། ལོག་ཡིག་བྱུང་ཚུལ་ནི། སཾ་ཀྲ་ཏའི་སྐད། བོད་དུ་གཟུངས་སྔགས་སུ་འགྱུར་དུས། ཡི་གེའི་རྣམ་དཔྱོད་ལ་མཁས་པའི་པཎྚི་ཏ་རྣམས་ཀྱིས་རྟིང་དུ་བཅོས་པར་རྒྱལ་རབས་གསལ་བའི་མེ་ལོང་དུ་ གསུངས། ལོགས་པ། གཞན་པ། ཟུར་པ། ཟུར་དུ། ལོགས་སུ། ལོང་མད། ༿༡༾ཁོམ་མིད། མི་ཁོམ་པ། ༿༢༾ ཆོས་བྱ་ལོང་མེད་པར་མུར་དུ་འཇིག་ནས་འཆི་འགྲོ་བའི་དོན། ལོང་མེད་ཐུགས་ལ་འཁྲུངས་པ། འཆི་བ་མི་རྟག་པའི་རྟོགས་པ་རྒྱུད་ལ་སྐྱེས་པ། དེ་ཡང་ཆོས་བྱ་ལོང་མེད་པར་ མུར་དུ་འཇིག་ནས་འཆི་འགྲོ་བའི་ཚུལ་ཤེས་པའི་དོན། ལོང་མེད་ཐུགས་ལ་འཁྲུངས་པའི་ཞེས་སོགས། ལོང་མེད་ཐུགས་ལ་འཁྲུང་ས་པའི་པོ་ཏོ་བ། །བདག་པས་གཞན་ གཅེས་སྒོམ་པའི་སྤྱན་སྔ་བ། །སྒྲུབ་པ་སྙིང་པོར་མཛད་པའི་ཕུ་ཆུང་བ། །རྒྱལ་སྲས་སྐུ་མཆེད་གསུམ་ལ་ གསོལ་བ་འདེབས། །ཞེས་པའི་ཚིགས་བཅ་ད་འདི་རྒྱས་སྲས་ཐོགས་མིད་བཟང་པོས་གསུངས་པར་བཤད། ལོངས་སྐུ། ངས་བྷོ་ག་ཀ་ཡ» ལོངས་སྤྱོད་རྫོགས་པའི་སྐུ་ནི། རྩ་བརོ། མཆན་ནི་སུམ་ཅུ་ཙ་གཉིས་དང་། །དཔེ་བྱད་ བརྒྱད་ཅུའི་བདག་ཉིད་འད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོང་ས་སྤྱོད་རྫོགས་སྐུར་ བཞེད། །ཅས་འབྱུང་། ལོངས་སྐུའི་མཆན་ཉད་ནི། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག། ངེས་པ་ལྔ་ ནི། གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ། སྲུ་ངེས་པ་མཆན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། འཁོར་ངེས་པ་བྱང་སེམས་འཕགས་པ་ཤ་སྟག་གིས་བསྐོར་བ། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་འབའ་ཞིག་ གསུང་བ། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་བཞུགས་པ་རྣམས་ས་སོ། །སྒྲ་བཤད་ནི། ཐེག་པ་ ཆེན་པོའི་ཆོས་ལ་ཡོངས་སུ་རྫོགས་པར་ལོང་ས་སྤྱོད་པས་དེ་སྐད་ཅེས་བྱ། * * * * * * * * * * * * * * * * * * * * * * * * * |