www.dharmabook.ru tibetan OCR


689
ཡུལ་ཁམས་འབུམ་ཕྲག་བརྒྱ་བརྒྱ་ཡོད་ཅི་ང་། བྱེ་བ་རེ་རེ་ལ་དབང་བསྒར་བའི་རྒྱལ་ཕྲན་ཀྱང་རེ་རེ་ཡོད་
དོ།
ཡུལ་དེའི་དབུས་ན་སླར་ཡང་གང་ས་རིས་བཅད་པའི་ས་གླིང་བཞིའི་ཚུལ་དུ་ཡོད་པའི་དབུས་ན། ཀཱ་
ལ་པའི་གྲོང་དང་།
དེའི་ལྷོའི་ཕྱོགས་ན་མ་ལ་ཡའི་སྐྱེད་ཆལ་དུ་ཆོས་རྒྱལ་ཟླ་བཟང་གིས་བཞེངས་པའི་དུས་
འཁོར་གྱི་བློས་བས་བསླང་ཆེན་པོ། ཤར་དུ་ཉེ་བའི་མཚོ། ནུབ་ཏུཔད་དཀར་མཚོ། བྱང་དུ་ཆོས་རྒྱལ་རིགས་
ལྡན་རྣམས་ཀྱི་
བཞུགས་གནས་ཆ་བསགས་ཀྱི་ཕོ་བྲང་ཆེན་པོ་ཡོད་དོ། ཞེས་བྱུང་། ཤམྦྷ་ལའི་ཡུལ་ཡོད་པ་
ནི།
འཇམ་དཔལ་རྩ་རྒྱུད་ལས་ཤམྦྷ་ལ་ཞེས་དངོས་སུ་གསལ་བར་གསུངས་ཡོད་པར་བཤད་།
མ་ ཤཱ་ན། ལེགས་སྲར དུར་ཁྲོད།
ཤས། (4) ཤུགས། དཔེར་ན་སྙིང་རྗེ་ཤས་ཆེ་བ། རྣམ་རྟོག་ཤས་ཚུང་བ་ཞེས་པ་ལྟ་བུ། (2)ཤ་ཡིས། འདི་ཡི་སྐུ་ནི་
བདུན་དག་མཐོ་བ་དང་།
ཞེས་པའི་ཐད་ཀྱི་རྣམ་བཤད་སྙིང་པོའི་རྒྱན་ལས། ཕྱག་གཉིས་དང་ཞབས་གཉིས་
ཀྱི་རྒྱབ་བཞི་
དང་ཕྲག་པའི་བར་གཉིས་དང་ལྟག་པའི་ཕྱོགས་ཤས་ཁེང་ས་པས་མཐོ་བའི་ཕྱིར། བདུན་མཐོ་བ་
ཉིད་དང་ལྡན་།
བདོག་པ་ལ་སོགས་པ་ཤིན་ཏུ་གྱ་ནོམ་པ་བྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཞེས་
གསུང་ས།
ཤསྟ། ལེགས་སྦྱར བསྟན་བཅོས། ངེས་ཚིག་ནི། ཤ་ས་འཆོས་པ་དང་། ཏྲ་ཡ་སྐྱོབ་པ།
ཤི་གྲབས་བྱེད་པ། འཆི་བ་ལ་ཉེ་བ།
ཤི་བ། སྲོག་དབང་འགགས་པའི་མིང་། མིང་གི་རྣམ་གྲངས་ནི། སྐུ་མ་ངན་ལས་འདས། སྐུ་གཤེགས་པ། སྐུའི་
བཀོད་པ་བསྡུས།
སྐྱེས་བོ་རྣམས་ཆོས་ལ་བསྐུལ་བའི་ཕྱིར་གཟུགས་སྐུ་རགས་པའི་བཀོད་པ་བསྡུས་ཏེ། ཡིད་
ཀྱི་ལུས་
བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་དུ་གཤགས། དགོངས་པ་ཆོས་དབྱིངས་སུ་གཤགས། དགོངས་པ་
ཞི་དབྱིངས་སུ་གཤགས།
དགོངས་པ་གཞན་དོན་དུ་གཤགས། དགོངས་པ་རྫོགས་པ། གྲོང་པ། འཆི་འཕོས་
པ།
འཇིག་རྟེན་འདི་ནས་ཁ་གྱིས་པ། འཇིག་རྟེན་འདི་ནས་ཕྱི་མའི་ལྔ་ལམ་དུ་གྱུར་པ། འཇིག་རྟེན་འདི་
ནས་
ཞལ་གྱེས་པ། དག་ཞིང་དུ་གཤེགས་པ། དུས་ཀྱི་ཆོས་དང་ལྡན་པར་གྱུར་པ། གོང་གི་ཐ་སྙད་འདི་འདུལ་བ་
ལུ
ང་ནང་མང་དུ་སྣང འདས། དབུགས་ཆད་པ། པྱ་ངན་ལས་འདས་པ། ཆེ་ལས་འདས་པ། ཞལ་དབུགས་
ཀྱི་རྒྱུ་བ་འགགས་ཏེ་རགས་
པའི་སྐུ་ལུས་མ་དག་པའི་ཞིང་འདིར་ཡོངས་སུ་བོར་ནས། དགའ་ལྡན་ཡིད་
དགའ་ཆོས་འཛིན་དུ་
རྒྱལ་བ་མི་ཕམ་མགོན་པོའི་མདུན་སར་གཤེགས། ཞི་བའི་དབྱིངས་སུ་གཞོལ། ཞི་
བར་གཤེགས།
ཞི་དབྱིངས་སུ་གཤེགས། གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས། གཟུགས་སྐུའི་བཀོད་པ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*