|
691 གནས་པའོ། །ཞེས་ཀྱེ་རྡོར་གྱི་རྒྱུད་ལས་གསུང་ས་པ་ལྟར་ར་རོ། །གོང་གི་དོན་ན་ནི། བྲི་ཞེས་པ་འདོད་ཅིང་བསྟེན་ པར་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཐེག་པ་མཆོག་གི་གོ་འཕང་དོན་དུ་གཉེར་བས་བསྙེན་པའི་གནས་ སུ་གྱུར་པའོ། །ཧེ་ཡིག་གིས་ནི་ཧེ་རུ་རྒྱུ་སྟེ་སོགས་ཁོངས་ནས་ཆོས་ཐམས་ཅད་བདག་དང་གཞན་དང་གཉིས་ ཀ་དང་རྒྱུ་མེད་ལས་སྐྱེ་བ་སྤང་ས་པས་སྟོང་པ་ཉིད་ད་དོ། །རུ་ཡིག་གིས་ནི་ར་པ་ཞེས་པ་གཟུགས་ཏེ་གནས་པ་ དང་འཇིག་པའི་ཚོགས་ཐམས་ཅད་ད་ང་བྲལ་བ། ཀ་ཡིག་གིས་ནི་ཀ་ཙི་ཏ་སྠི་ཏ་སྟེ། རྟག་པ་དང་ཆད་པའི་ མཐའ་གཉིས་པོ་གང་དུའང་མི་གནས་པའོ་ཞེས་པ་སྟེ། འདི་ལ་ཁྲག་འཐུང་དུ་བརྗོད་པ་མི་ལེགས་ཞེས་ཀུན་ མཁྱེན་བུ་སྟོན་འཆད་དོ། །ཞེས་ཀྱེ་རྡོར་གྱི་འགྲེལ་པར་གས་ལ། ཤིག [བརྡ་སྤྲོད] ཆིག་ཚིག་གི་ཚོད་དུ་འཇུག་པ་དང་། སྐུལ་ཚིག་ལ་འཇུག་པའི་ཕྲད་གཞན་དབང་ཅ་ན་ཞིག (4) ཆིག་ ཚིག་གི་ཚོད་དུ་འརྔུག་པའི་ཞཤིགཞ སྒྲ་ནི། གྲངས་ཀ་ཞགཅིག༔ གི་དོན་དང་མི་འདྲ་བས། གྲང་ས་ཀྱི་ཞགཅིགས མ་ནོར་བར་བྱེད་ད་གོས། དཔེར་ན། སྣ་ཚོགས་ཤིག །ཅེས་པ་ལྟ་བུ། (8) སྐུལ་ཚིག་ལ་འཇུག་པ། མ་ནོར་ བར་ཤེས་པར་གྱིས་ཤིག །ཅེས་པ་ལྟ་བུ། སྦྱོར་ཚུལ་ནི། ལྗོན་དབང་ལས། ས་མཐར་དམིགས་བསལ་ཞེས་ མ་གཏོགས། ཤིང་ཤེས་ཤའོ་ཤེ་ན་ཤིག །ཅེས་གསུངས་པ་ལྟར་རོ །(8) མིའི་ཁྲག་འཇིབ་པའི་འབུ་ཞིག ་ཤིང་། [བརྡ་སྤྲོད] མཚམས་སྦྱོར་གྱི་དོན་ལ་འཇུག་པའི་ཕྲད་གཞན་དབང་ཅ་ན་ཞིག (4) གཞི་མཐུན་པའི་མཚམས་ སྦྱོར་ལ་འཇུག་པ། དཔེར་ན། འཇིགས་ཤིང་སྐྲག། ཅེས་པ་ལྟ་བུ། (3) དུས་གཅིག་ཅར་གྱི་མཆམས་སྦྱོར་ལ་ འཇུག་པ། དཔེར་ན། སྔགས་ཟློས་ཤིང་དམིགས་པ་བྱེད། ཅེས་པ་ལྟ་བུ། (8) གཞན་འདྲེན་ཙ་མ་གྱི་ མཚམས་སྦྱོར་ལ་འཇུག་པ། དཔེར་ན། པུས་མོ་ས་ལ་བཅུགས་ཤིང་ཐལ་མོ་སྦྱར་ནས་གསོལ་བ་གདབ་བ་བོ།། ཞེས་པ་ལྟ་བུ་ཏེ་དེ་སྟེ་གསུམ་དང་འཇུག་པ་མཚུངས། སྦྱོར་ཚུལ་ནི། ལྗོན་དབང་ལས། ས་མཐར་ད་མིགས་ བསལ་ཞེས་མ་གཏོགས། །ཤིང་ཤེས་ཤའོ་ཤེ་ན་ཤིག །ཅེས་གསུངས་པ་ལྟར་རོ། །སྨྲ་སྒོ་ལས། ཀྱང་ཡང་ སོགས་དང་འཇུག་པ་མཐུན་པའི་བསྡུ་བའི་དོན་ལ་འཇུག་པ་ཡང་བཤད་དེ། དེ་ཉིད་ལས། ཅིང་ལ་སོགས་ པ་བསྡུ་བ་དང་། །མཚམས་སྦྱོར་དག་ཏུ་འདོད་པ་ཡིན། །ཞེས་གསུངས་སོ། །(8) ལྗོན་ཤིང་། ཤིང་གི་རི་བ་མ། ཤིང་གི་ར་བ། ཤིང་ང་དཔུང་ཆད། [འདུལ་བ] དགེ་སློང་མའི་ནུ་མ་འགེབས་བྱེད་ཀྱི་གོས་ཤིག། དེ་གྱོན་ལུགས་ནི་མཆན་འོག་ ལ་དཀྲིས་ཏེ་རྒྱབ་ནས་དཔུང་པ་གཉིས་ཀྱི་གོང་ནས་དྲངས་ནས་དར་དཔྱངས་ཀྱི་ཚུལ་དུ་གྱོན་པའོ། །དེའི་ * * * * * * * * * * * * * * * * * * * * * * * * * |