www.dharmabook.ru tibetan OCR


695
ཤེར་ཕྱིན་མན་ངག སློབ་དཔོན་ཤཱནྟི་པས་མཛད་པའི་བསྟན་བཅོས་ཤིག
ཤེར་དབང་། ༿ བླ་མས་རང་ལ་མཆན་ལྡན་གྱི་རིག་མ་གཏད་དེ་རང་དང་རིག་མ་གཉིས་ཡི་དམ་ཡབ་ཡུམ་དུ་
གསལ་བའི་མཁའ་གསང་བྱིན་གྱིས་བརླབས་ཏེ་རང་ལྷར་སྒོམ་པ་ལུས་ལ་ལྷའི་འདུ་ཤས། རྡོ་རྗེ་པདའི་
པུ
བས་སུ་ཕཊ་ཡིག་སྒོམ་པ་ང་ག་ལ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ཟག་མེད་ཀྱི་བདེ་བ་
མངོན་དུ་བྱའོ་སྙམ་པ་
ཡིད་ལ་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་དགའ་བཞི་རིམ་གྱིས་
དྲ་ང་ས་ཏེ།
བཞི་པ་ལྷན་སྐྱེས་ཀྱི་བདེ་བ་དང་སྟོང་པ་སྦྱར་བའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་ཟེར། བྱེད་
ལས་ནི།
བརྣབ་སེམས་སོགས་དང་། གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་བེགས་བྱེད་ཀྱི་དྲི་
མ་སྦྱང་ས།
ལམ་འོད་གསལ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་ད་བང་། འབྲས་བུ་ཆོས་སྐུ་འགྲུབ་པའི་ནུས་པ་བཞག་
གོ།
རྗེ་ཙོང་ཁ་པ་ཆེན་པོའི་གསང་འདུས་སྨོན་ལམ་ལས། གསུམ་པ་ལྷན་སྐྱེས་དགའ་བའི་ལྕགས་ཀྱུ་
ཡིས།
ཡིད་ནི་འོད་གསལ་དབྱིང་ས་སུ་འདྲེན་པར་ཤོག། ཅེས་གསུང་ས་པ་ལྟར་རོ། ༿ བཀའ་བརྒྱུད
ཤེར་དབང་ནི། ཐབས་ཤེས་སྙོམས་འཇུག་བྱས་པས་བྱང་སེམས་ནོར་བུའི་ནང་དུ་བབས་པའི་ཚི་ཉམས་སུ་
མོང་བ
འི་ལྷན་སྐྱེས་ཡེ་ཤེས་སོ། སྒྲ་བཤད་ནི། ཤེས་རབ་ལས་ཀྱི་ཕྱག་རྒྱ་མ་ལ་བརྟེན་ནས་ལྷན་སྐྱེས་ཡེ་
ཤེས་
གཏན་ལ་དབབ་པའི་དབང་ཡིན་པས་ཤེས་རབ་ཡེ་ཤེས་ཀྱི་ད་བང་ཞེས་བྱའོ། བྱེད་ལས་ནི། གཙོ་བོར་
ཡིད་ཀྱི་དྲི་མ་
འཁྲུད་ཅིང་ཡིད་དག་པར་བྱས་ནས་ཐུགས་རྗེའམ་ཆོས་སྐུ་འགྲུབ་པའི་ནུས་པ་འཇོག་པའོ།
ེ།ས་ཀྱི་མཁ། ཆོས་ཀྱི་ཤེས་ཡོན་གྱིས་འཇིག་རྟེན་གྱི་མཁེ་ཐོབ་པར་རེ་བ་ལ་ཟེར།
ཤེས་འཆལ། ཤེས་རབ་འཆལ་བ་དང་དོན་འདྲ། ཤེས་རབ་འཆལ་བ་ལ་གཟིགས།
ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བ། བྱང་སེམས་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཐེག་
ཆེན་
གྱི་རྟོགས་རིགས་ཁྱད་པར་ཅ་ན་ཡོད་པས་གཞི་ཤེས་སོགས་ཐེག་དམན་གྱི་རྟོགས་རིགས་རྣམས་ཉེ་བར་
མི་
མཁོ་བས་དོར་བར་བྱ་བའི་རིགས་སུ་བཞག་པའི་དོན་ནོ།
ཤེས་ལན། (4) བློ་གྲོས་དང་ལྡན་པ། (2) འབོད་པའི་ཞེ་སའི་ཚིག་ཅིག
་ཤེས་བཞིན།
(1) ལུས་སེམས་ལ་ཡང་ཡང་བརྟག་པའི་ཤེས་རབ་ལ་ཡང་ཟེར་ཏ། སྤྱོད་འཇུག་ལས། ལུས་དང་
སེམས་ཀྱི་གནས་སྐབས་ལ།
ཡང་དང་ཡང་དུ་བརྟག་བྱ་བ། དེ་དེ་ཁོ་ན་མདོར་ན་ན་ནི། ཤེས་བཞིན་བ་སྲུང་
བའི་
མཆན་ཉིད་དོ། ཞེས་གསུང་ས་པ་ལྟར་རོ། (2) ཞི་གནས་ཀྱི་སྐབས་ཡིན་ན། དྲ་ན་པ་བསྟེན་པའི་ངང་
ནས་
བྱིང་བོད་འབྱུང་མི་འབྱུང་ལ་བྱ་ར་ཐུ་རེ་བྱས་ནས་སེམས་འཇིན་པའི་ཤེས་རབ་ལ་ཟེ ཤེས་བཞིན་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*