www.dharmabook.ru tibetan OCR


699
ཤེས་རབ་མུར་བ། རྩོད་པ་ལ་མཁས་པའི་ཡན་ལག་སྟེ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བསམ་
པ་སྐྱེས་མ་ཐག་ཏུ་མ་ལུས་
པ་འགོག་ནུས་པའི་ཤེས་རབ་ལ་ཟེར།
ཤེས་རབ་ཟབ་པ། རྩོམ་པ་ལ་མཁས་པའི་ཡན་ལག་ཅིག་སྟེ། གཞན་གྱིས་ཆད་གཟུང་མི་ནུས་པར་གསུང་རབ་ཀྱི་
ཚིག་དོན་ལ་གཏུགས་པ་
སྟེ་ཐོགས་པ་མེད་པར་འཇུག་པའི་ཤེས་རབ་ལ་ཟེར།
ཤེས་རབ་གསལ་ ཤེས་རབ་ཆེ་བ་དང་གསལ་བ་གཉིས་ཀ་འཆད་པ་ལ་མཁས་པའི་ཡན་ལག་ཅིག་སྟེ། ཀུན་
ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་
འབྱེད་ནུས་པའི་ཤེས་རབ་
ལ་ཟེར།
ཤེས་ལ་མ་ཤེས། ཅུརྡ་ཟད་ཤེས་པའམ། ཕལ་ཆེར་མ་ཤེས་པ་ད་ང་འདྲ་བ།
ཤོ་གམ། དཔྱ་ཁྲལ་ཏེ། འབྲུ་སོགས་རྒྱལ་པོའམ་སྲིད་གཞུང་བི་སྐལ་བ།
ལཽ་ཀ། ལེགས་སྦྱར ཤོ་ལོ་ཀའི་འབྲི་ཚུལ་གཞན་ཞིག ཚིག་རྐང་བཞི་རེ་ལ་ཚིགས་བཅད་དད་མ། ལཽ་ཀ། ཚིག་ལེའུར་
བྱས་པ་ཟེར།
རྒྱ་གར་གྱི་ཡི་གེའི་ད་བང་དུ་བྱས་ན་ཚིགས་བཅ་ད་རེ་ལ་ཚིག་བར་སོ་གཉིས་དང་། བོད་ཡིག་
གི་དབང་དུ་བྱས་ན་ཉེར་བརྒྱད་ཡོད།

གཤིན་རྗེའི་འཇིག་རྟེན། དམུལ་བ།
གཤིན་རྗེ་མཐར་བྱེད་། རཡ་སཱནྟ་ཀྲྀཏ» གཤིན་རྗེ་གཤེད་དང་འདྲ།
གི།ན་རྗེ་གཤེད། ངཡ་སཱནྟ་ཀྲྀཏ» ཁྲོ་བཅུའི་ཡ་གྱལ་ཞིག
གཤིན་རྗེ་གཤེད་ཀྱི་རྒྱུད་ཀྱི་སྐོར། དགྲ་ནག་བི་རྒྱུད། ཚུལ་ཁྲིམས་རྒྱལ་བ། དར་མ་གྲགས། ར་རྡོ་རྔེ་གྲགས་ཀྱི་འགྱུར། གཤིན་
རྗེ་གཤེད་ནག་པོའི་འཁོར་ལོ་ལས་ཐམས་ཅ་ད་གྲུབ་པར་བྱེད་པ་གཞོན་ནུ་གདོང་དྲུག་གི་
རྒྱུད། དཔལ་རྡོ་རྗེ་
འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ།
རྡོ་རྗེ་གྲགས་ཀྱི་འགྱུར། འཇིགས་བྱེད་སྐྱོ་ལུགས་པའི་རྟོག་པ་གསུམ་པ་
དང་།
རྟོག་པ་གཅིག་པ་དང་གསུམ་འདོད། གཤིན་རྗེ་གཤེད་དམར་པོའི་རྒྱུད་། གྲགས་པ་རྒྱལ་མཚན་དང་། ཤོང་
བློ་བརྟན་གྱི་འགྱུར།
བུ་སྟོན་གྱི་གསུང་ལྟར་བཀོད།
གཤིས་གདངས་རྩལ་གསུམ། བཀའ་བརྒྱད གཤིས་སྐྱེ་མེད། གདངས་འགགས་མེད། རྩལ་སྣ་ཚོགས་
དང་
གསུམ་སྟེ། ཟབ་མོ་ནང་དོན་གྱི་འགྲེལ་པ་ལས། གཤིས་སྐྱེ་མེད་ཀྱི་ཆ་ནས་རླུང་། གདང་ས་འགགས་
མེད་ཀྱི་ཆ་ནས་ཙ།
རྩལ་སྣ་ཚོགས་ཀྱི་ཆ་ནས་ཐིག་ལེ། ཞེས་གསུངས་པ་ལྟར་རོ།
གཤིན་པ། ལས་རུང་། དཔེར་ན་ཞིང་ས་གཤིན་པ་ཞེས་པ་ལྟ་བུ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*