www.dharmabook.ru tibetan OCR


700
གཤེགས་པ། (4) སོང་བ། (2) ཐུགས་སུ་ཆུད་པ། བརྙེས་པ། (8) མྱ་ང་ན་ལས་འདས་པ།
གེ།ར། བཞའ་ཆན། བཞན་རླན།
གཤེར་ཐག་ཆོད་པ། སྐམ་ཐག་ཆོད་པ།
བཤག མ་འོངས་པ ཉེས་སྤྱོད་འདག་པར་བྱེད་པ།
བཤགས་པའི་ཡན་ལག རང་གིས་སྔར་བྱས་ཀྱི་སྡིག་པའི་ཉེས་དམིགས་དྲན་ནས་དེ་ལ་འགྱོད་སེམས་ད་ང་།
ཕྱིན་ཆད་མི་བྱེད་སྙམ་པའི་སྡོམ་སེམས་བ་སྐྱེད་པ་ལ་ཟེར། ཕན་ཡོན་ནི། སྔར་བྱས་ཀྱི་སྡིག་པའི་འཕེལ་ཁ་
འཆད་ཅི་ང་།
ཕྱི་མ་རྣམས་འཕྲོ་འཆད་དོ།
བཤད་བཀའ། བཤད་པའི་བཀའ་སྲོལ་དང་དོན་གཅིག། དཔེར་ན། བླ་མས་གཞུང་གི་ཚིག་རེ་རེ་ནས་དོན་འདི་
དང་།
འདི་ཡིན་ནོ་ཞེས་ར་སྤྲད་ནས་ཐོས་པའི་སྒྲོ་འདོགས་གཅོད་པའི་བཀའ་སྲོལ་བཟང་པོ་དེ་ལ་ཟེར།
བཤད་ཁྲིད། ཚིག་འབྲུ་རེ་རེ་ནས་འགྲེལ་བཤད་རྒྱས་པར་བྱེད་པའི་བཤད་པ་ལ་ཟེར།
བཤད་གྲྭ། གཅུག་ལག་སློབ་གཉེར་ཁང་།
བཤད་རྒྱུད། ཙ་རྒྱུད་དེ་དང་དེར་མི་གསལ་བ་གསལ་བར་བྱེད་པ་དང་། མ་ཚང་བ་ཁ་སྐོང་བ་དང་། མདོར་བསྡུས་
པ་རྒྱས་པར་
འཆད་པ་དང་། རྣམ་གྲངས་གཞན་ཡང་སྟོན་པ་དང་། ཚིག་དོན་ཞིབ་པར་འཆད་པ་སོགས་ཀྱི་
སྒོ་ན
ས་རང་གི་རྩ་རྒྱུད་དེའི་འགྲེལ་པ་ལྟ་བུར་གནས་པའི་རྒྱུད་ལ་ཟེར། ད་པེར་ན། གསང་འདུས་ཀྱི་བཤད་
རྒྱུད་རྡོ་རྗེ་
འཕྲེང་བ་དང་། བདེ་མཆོག་གི་བཤད་རྒྱུད་མངོན་བརྗོད་བླ་མ་ལ་སོགས་པ་ལྟ་བུའོ། ཞེས་མཁས་
གྲུབ་
ཆོས་རྗེས་གསུང་ས།
བཤད་རྦུད་རྡོ་རྗེ་ཕྲེང་བ། དཔལ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་དའོ། ལྷ་བླ་མ་ཡེ་ཤེས་
འོད་ཀྱི་
འགྱུར། རྡོ་རྗེ་ཕྲེང་བ་དང་དོན་གཅིག
་བཤད་པ
འི་མདོ། དབེ་སློང་ཕ་མའི་སོ་ཐར་གྱི་མདོ་ནི་རྩ་བའི་མདོ་ཡིན་ལ། དེའི་བཤད་པ་སྟེ་འགྲེལ་པའི་
མདོའོ།
དཔེར་ན། འདུལ་བ་ལུང་སྡེ་བཞི་ལྟ་བུ།
བཤད་ལུང་། ཚིག་འབྲུ་རེ་རེ་ནས་འགྲེལ་བཤད་རྒྱས་པར་བྱེད་པའི་ཁྲིད་རྒྱུན། བཤད་ལུང་ལ་གཞུང་ཚིག་རྣམས་
བླ་མས་ཚིག་གཅིག་ཀྱང་ཆད་ལྷག་མེད་པར་བཏོན་དགོས། བླ་མས་གཞུང་ཚིག་ཆད་ལུས་སུ་སོང་ན་སློབ་
མས་འཕྲལ་དུ་ཡར་ཞུ་དགོས་ཤིང་། བཤད་ལུང་གི་རིགས་རྣམས་ཐེངས་འགའ་ཤས་ཞུ་བའི་རྒྱུ་མཚན་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*