www.dharmabook.ru tibetan OCR


701
ཡང་བླ་མས་སམ་ཡང་ན་རང་གིས་རྣ་བ་མ་བཏད་པ་སོགས་ཀྱིས་ཆད་ལྷག་སོང་ན། ལན་འགའ་ཞུས་པས་
ཕན་ཚུན་
གུན་གསབ་ལྟ་བུས་མཐར་བཤད་ལུང་ཆ་ཚང་བ་ཞིག་ཐོབ་པའི་ཆེད་དུ་ཡིན།
བཤེས་གཉེན་བསྟེན་ཚུལ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པའི་ཚད། རང་གི་རྩ་བའི་བླ་མ་སང་ས་རྒྱས་སུ་མཐོང་
བའི་དད་པ་བརྟན་པོ་སྐྱེ
ས་པ་ན། བཤེས་གཉེན་བསྟེན་ཚུལ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པར་འཇོག་པར་
གསུང་།
ས་སྐྱ་གོང་མ་ནམ་ལྔ། ས་ཆེན་གོང་མ་ལྔ་དང་དོན་འདྲ། ས་ཆེན་གོང་མ་ལྔ་ལ་གཟིགས།
ས་སྐྱ་པཎྜི་ཏ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ན་ནི། ཕྱི་ལོ་ ལོར་གཙ་ང་དུ་སྐུ་འཁྲུངས། སྐུ་བལྟམས་མ་
ཐག་ཏུ་
སཾ་སྒྲྀ་ཏའི་སྐད་གསུངས། རྗེ་བཅུན་གྲགས་པ་རྒྱལ་མཚན་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་
སྔགས་ཀྱི་ཟབ་གནད་མ་
ལུས་པ་གསན། མནལ་ལམ་དུ་མཁས་མཆོག་དཔྱིག་གཉེན་ལས་ཆོས་མངོན་པ་
མཛོད་ད་དང་།
ཁ་ཆེ་པཎ་ཆེན་ལས་རྡོ་རྗེའི་གླུ་སོགས་གསགས་ན། ཞུ་སྟོན་རྡོ་རྗེ་སྐྱབས་ལས་བྱམས་ཆོས་སོགས་
ལུང་གི་སྐོར།
རྨ་བྱ་བྱང་བརྩོན་དང་། ཚུར་སྟོན་གཞོན་སེང་ལས་ཆད་མ། རྩེགས་པ་དབང་ཕྱུག་སེང་བེ་
ལས་
གྲུབ་མཐའ། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ལས་གདམས་པ་སྣ་ཚོགས་གསགས་ན། དགུང་ལོ་ཉེར་གསུམ་
དུས་ཁ་
ཆེ་པཎ་ཆེན་དང་མཇལ། ཁ་ཆེ་པཎ་ཆེན་དང་དེའི་སློབ་མ་སངྒཱ་། སུ་ག་ཏ་བྲི། དཱ་ན་ཤི་ལ་
རྣམས་ལས་སྒྲ་ཚད་སོགས་རིག་གནས་ཆེ་བ་ལྔ། སྙན་ང་ག་མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་སྟེ།
རིག་པའི་གནས་བཅུ་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པས། བོད་ཀྱི་ལྗོངས་སུ་པཎྜི་ཏའི་མཆན་སྙན་ཐོབ་
པའི་
ཐོག་མ་ཡིན་པར་གསུངས། དགུང་ལོ་ཉེར་བདུན་པ་ལ་ཁ་ཆེ་པཎ་ཆེན་ལས་བསྙེན་པར་རྫོགས། རིག་
གཏེར་དང་།
སྡོམ་གསུམ་རབ་དབྱེ་སོགས་བརྩམས་ནས་སྨྲ་བ་ངན་པ་དང་། ལྟ་བ་ང་ན་པ་མཐའ་དག་སུན་
ཕྱུང་།
སྐྱིད་གྲོང་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་འཕྲོག་བྱེད་གཙོས་པའི་རྒོལ་ང་ན་དྲུག་རིགས་པས་ཆར་
བཅ་ད་ནས། བསྟན་པ་ལ་བཅུག་པས་སྙན་པའི་གྲགས་པས་ས་སྟེང་ཁྱབ། སོག་ཡུལ་གྱི་རྒྱལ་པོ་གོ་དན་གྱིས་
གདན་དྲང་ས་
ནས་ཡུལ་དེར་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། དགུང་གྲང་ས་བདུན་ཅུའི་སྟེང་གཟུགས་སྐུའི་
བཀོད་པ་བསྡུས།
འཁྲུངས་འདས་ལོ་ཚིགས། (1182 1251)

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*