www.dharmabook.ru tibetan OCR


703
སྠི་ར་མ་ཏི། ལེགས་སྦྱར (8) དབུ་མ་རྩ་བ་ཤེས་རབ་ལ་རྒྱ་འགྲེལ་གྲགས་ཆེན་བརྒྱད་ཡོད་པའི་ནང་གསེས་ཏེ་།
སློབ་དཔོན་བློ་གྲོས་བརྟན་པས་མཛད། འདི་བོད་དུ་མ་འགྱུར། རྩ་ཤེའི་རྒྱ་འགྲེལ་གྲགས་ཆེན་བརྒྱད་ལ་གཟིགས། (2)
རྒྱ་གར་གྱི་སློབ་དཔོན་བློ་གྲོས་བརྟན་པ།
སཱ་དྷྭ་ན། ལེགས་སྦྱར (4) སྒྲུབ་ཐབས། (2) མཆོད་པ་དང་། མཉེས་པར་བྱེད་པ་སོགས་ལ་འཇུག་པར་གསུང་།
ས་ཕྱོད་། རླབས། སྟོབས་ཤུགས། སླེབས་ཤུགས།
ས་བོན་འཇོམས་པའི་ལྟུང་བྱེད། འབའ་ཞིག་པ་ད་གུ་བཅུའི་བཅུ་གཅིག་པ་ནི། ས་བོན་མ་ཉམས་པ་དང་སྐྱེ་བ་གང་
རིགས་རུང་བ་མ་བྱས་པར་རང
གིས་ཉམས་པར་བྱད་དམ་གཞན་ལ་བྱེད་དུ་བཅུག་པའོ།
ས་བོན་ཉམས་སྨད་པར་བྱེད་པ། ཞི རགས་རྣམ་འབྱེད་ཀྱི་ལམ་གྱིས་ཉོན་མོང་ས་མངོན་གྱུར་པ་རེ་ཞིག་སྤང་ས་
པའི་
སྒོ་ནས་མངོན་དུ་མི་འགྱུར་བར་བྱས་པ་ཙམ་ལ་ཟེར།
ས་བོན་དང་བག་ཆགས། བདེན་འཛིན་ལྟ་བུ་ལ་སྦྱར་ན། བདེན་འཛིན་ཕྱི་མ་སྐྱེད་བྱེད་ལ་ས་པོན་དང་དེའི་སྣང་བ་
ཕྱི་མ་སྐྱེད་བྱེད་ལ་བག་ཆགས་ཟིར། བག་ཆགས། བག་ལ་ཉལ་བ། བག་ལ་ཞ་བ་རྣམས་མིང་གི་རྣམ་གྲངས་
ཡིན།
ཡང་ན། སྒམ་ནང་གི་ག་པུར་ལྟ་བུ་ས་བོན་དང་། ག་པུར་མེད་ཀྱང་དེའི་ཤུལ་དུ་ཆགས་པའི་དྲི་ནི་
བག་ཆགས་དང་འདྲ།

ས་བོན་ལས་བསྐྱེད་པའི་མཚོན་དོན། སྔགས་ཀྱི་སྐབས་རླུང་དཀྱིལ་དང་མེ་དཀྱིལ་ཤ་ལྔ་དང་བདུད་རྩི་ལྔ་སོགས་
ཐམས་ཅད་ས་བོན་ལས་བསྐྱེད་པས་ནི། དེ་ཐམས་ཅད་མིང་གིས་བཏགས་ཙམ་གྱི་རྟེན་འབྱུང་དུ་མཚོན།
ས་དབང་། རྒྱལ་པོ། བློན་པོ།
ས་དབང་མོ།
(4) བཅུན་མོ་སྤྱིའི་མིང་། ས་དབང་མོ་དང་། ས་སྐྱོང་མོ་དང་། ས་འཚོ་མ་རྣམས་མིང་གི རྣམ་
གྲང་ས་ཡིན།
(2) རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་བཅུན་མོ་གྲགས་འཛིན་མའི་མིང་ཡང་ཡིན། དེ་སྤྱི་མིང་
བྱེ་བྲག་ལ་བཏགས་
པ་ཡིན།
ས་ཚིགས། ས་མཚམས་དང་དོན་གཅིག
ས་
མཆམས། དབྱེ་མཚམས།
ས་འཚོ། རྒྱལ་པོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*